
为全面提升住培医师科研素养,增强藏医药传承创新能力。10月16日,青海省藏医住院医师规范化培训基地在培训中心组织开展“藏医临床科研能力提升培训”专题讲座。由脑病科主任吉先才让主讲,基地150余名住培医师参加。

吉先才让主任在讲座中系统阐述了藏医临床科研的重要意义,并提出四项核心原则:1、坚持理论根基:所有研究须以藏医药基础理论为指导,保持藏医学的本真特色;2、融合现代方法:运用规范的临床研究设计,结合生化指标、影像学数据等客观检测手段,增强研究的科学性与可靠性;3、推动经验转化:注重挖掘整理临床实践中的传统经验,并借助现代科研方法将其转化为系统化科学证据;4、强调整体观念:遵循藏医“人与自然、整体平衡”理念,全面关注患者生理、心理及社会等多维因素。

本次讲座,不仅为住培医师搭建了宝贵的学习平台,更进一步夯实了其科研基础认知,为藏医药科研人才队伍建设与行业创新发展注入新动力,有效践行了“以科研促传承、以创新促发展”的培训宗旨。

སྤྱི་ལོ་༢༠༢༥ལོའི་སྤྱི་ཟླ༡༠པའི་ཚེས༡༦ཉིན། མཚོ་སྔོན་ཞིང་ཆེན་བོད་ལུགས་སྨན་ཁང་ནད་ཐོག་སློབ་སྟོན་ཚན་ཁག་གིས་དཀའ་བཅུ་སྨན་པ་ཚད་ལྡན་གསོ་སྐྱོང་རྟེན་གཞིའི་དཔེ་ཀློག་ཁང་གི་མུ་འབྲེལ་འཆད་ཁྲིད་སྐབས་སོ་ལྔ་བ་སྤེལ།
ཐེངས་འདིའི་འཆད་ཁྲིད་སྟེང་ཞིང་ཆེན་བོད་ལུགས་སྨན་ཁང་གི་སྨན་པ་འབུམ་རམས་གཞོན་པ་ལྕགས་བྱམས་ཚེ་རིང་ལགས་གདན་ཞུ་གནང་སྟེ་བོད་ལུགས་གསོ་བ་རིག་པའི་ནད་ཐོག་ཞིབ་འཇུག་གི་སྤྱིའི་རྣམ་བཤད་ཅེས་པ་འཆད་ཁྲིད་གནང་།
རྒན་ལགས་ཀྱིས་འགྲོ་བའི་ལུས་སེམས་ལ་ཕན་བདེ་བསྐྲུན་པའི་འཚོ་བྱེད་པར་མཚོན་ན་ནད་ཐོག་ཞིབ་འཇུག་གི་རིགས་ལམ་དང་གཞུང་ལུགས་སློབ་སྦྱོང་གི་འབྲས་བཟང་ཡ་མ་བྲལ་བའི་སྒོ་ནས་རྒྱུན་པར་ནད་ཐོག་མྱོང་བྱང་ལ་གོམས་པ་ཡུན་ཏུ་བསྲིངས་ཤིང་ནད་སྨན་གཉེན་པོ་སྤྲོད་ཚུལ་སོགས་གདེངས་ཐོབ་པའི་སྒོ་ནས་ནད་གཞི་སྤྱི་དང་བྱེ་བྲག ནང་ཚགས་ཀྱི་གསོ་ཚུལ་དང་གསོ་ཐབས་སོགས་ཐུན་མིན་རིགས་ལམ་གྱི་འཕྲུལ་གྱིས་བསྒྱུར་དགོས་པའི་གལ་ཆེའི་རང་བཞིན་དང་། བོད་ལུགས་གསོ་རིག་གི་ནད་ཐོག་བྱ་བའི་སྒྲོམ་གཞི་གཙོ་བོར་བཟུང་ནས་བོད་ལུགས་གསོ་བ་རིག་པའི་རིག་གཞུང་མ་ལག་དང་བོད་ཀྱི་གསོ་བ་རིག་པའི་ནད་ཐོག་ཞིབ་འཇུག་གི་ངེས་ཚིག ནད་ཐོག་ཞིབ་འཇུག་གི་གཙོ་རྒྱུ་གསུམ། ནད་ཐོག་ཞིབ་འཇུག་གི་ནང་དོན། ནད་ཐོག་ཞིབ་འཇུག་ཏུ་རྒྱུན་སྤྱོད་ཀྱི་འཆར་འགོད་བྱ་ཐབས་གསུམ། བོད་ཀྱི་གསོ་བ་རིག་པའི་ནད་ཐོག་ཞིབ་འཇུག་སྐབས་གཟབ་དགོས་པའི་གནད་སོགས་ས་བཅད་དྲུག་ཏུ་དབྱེ་སྟེ། རིགས་ལམ་གསར་བའི་སྒོ་འཕར་ཡངས་པོར་ཕྱེས་ནས་ལོ་ངོ་དུ་མའི་རིང་གི་ནད་ཐོག་མྱོང་གོམས་དངོས་ལ་སྦྱར་ཏེ། བོད་ལུགས་གསོ་རིག་གི་གཞུང་ལུགས་མཛུབ་སྟོན་འོག དེང་གི་ཚན་རྩལ་ཐབས་ལམ་དང་ཟུང་འབྲེལ་ཡང་དག་གིས་ནད་ཐོག་དངོས་ཀྱི་གནད་དོན་ཐག་གཅོད་དང་ཕན་འབྲས་ཇེ་མཐོར་གཏོང་རྒྱུ་ནི་བོད་ཀྱི་གསོ་རིག་པའི་ནད་ཐོག་ཞིབ་འཇུག་གི་རྩ་བའི་དམིགས་ཡུལ་དང་བླ་སྲོག་ཡིན་པ་སོགས་ཞིབ་ཕྲའི་སྒོ་ནས་འཆད་ཁྲིད་རྒྱས་པར་གནང་།

