中文版 | 藏文版
ནད་པའི་ངེས་ཤེས།

ཞག་སྡོད་ནད་པའི་ཤེས་དགོས་པའི་བྱ་བ་འགའ།

  གཅིག  སྨན་ཞབས་པས་ཁྱེད་ལ་ཞག་སྡོད་སྐབས་ཀྱི་གཙོ་གཉེར་ཆེད་མཁས་དང་།  སྨན་པ།  སྨན་ཞབས་པ །  སྨན་ཞབས་པའི་འགོ་བ་གང་ཡིན་སོགས་མཚམས་སྤྱོར་བྱེད་པས། དེ་དག་རེ་རེ་བཞིན་ཡིད་ལ་འཇགས་དགོས།    

     གཉིས།  བདག་གཞན་གཉིས་ཀྱི་བདེ་ཐང་གི་ཆེད་དུ་བ་མི་འཐེན་པ།  ཁ་ལུད་གང་སར་མི་འཕེན་པ།  འུར་མི་བརྒྱག་པ།  སྒེའུ་ཁུང་ཕྱི་རོལ་ཏུ་གད་སྙིགས་སོགས་མི་གཙང་བའི་རིགས་མི་འཕེན་པ། སྤྱོད་ཁང་གི་གཙང་སྤྲར་ཉམས་འཇོག་རྒྱུ།

    གསུམ།  འགོས་ནད་ཀྱི་རིགས་འགོག་པའི་ཆེད་དུ་རང་ཉིད་ཀྱི་ཁྲུས་བྱེད་དང་ཟས་བསྐོལ་ཅ་ལག་སོ་སོར་སྤྱོད་རྒྱུ།

    བཞི། ཉིན་རེའི་སྔ་དྲོ་སྨན་པའི་ནད་པར་སྐོར་བ་རྒྱག་པའི་དུས་ཚོད་ཡིན་པས་ནད་ཁང་དང་ཁ་འབྲལ་མི་རུང་།

      ལྔ། ཞག་སྡོད་ནད་པ་གང་འདོད་དུ་ཕྱི་རོལ་ལ་འགྲོ་བ་དང་། ལྷག་པར་ཏུ་མཚན་མོར་ཕྱི་ནས་བསྡད་མི་ཆོག་པར་སྨན་ཁང་དུ་འདུག་དགོས། སྨན་ཁང་གི་སྒྲིག་ལམ་འདི་དག་དང་འགལ་ནས་གཞན་པའི་རྩེད་ཁང་འགྲིམས་པ་དང་། ཆང་འཐུང་བ་སོགས་ཀྱི་ལས་ལ་ཞུགས་ན་མཇུག་འབྲས་མཐའ་དག་རང་ཉིད་ཀྱིས་འགན་ཁུར་དགོས།

     དྲུག  ཞག་སྡོད་ཀྱི་སྐབས་སུ་ནད་པས་ནད་ཁུལ་གྱི་བདག་གཉེར་གཏེན་འཁེལ་ལ་བརྩི་སྲུང་བྱེད་དགོས།

     བདུན།  ཆུ་དང་གློག་ལ་སྤྱོད་མཁས་བྱེད་དགོས། གློག་གི་འཕྲུལ་ཆས་སྣ་ཚོགས་རང་དགར་སྤྱོད་མི་ཆོག་པ་མ་ཟད། གང་འདོད་དུ་དབྱང་དབུགས་དང་། འབྱིན་རྔུབ་ཆས་སོགས་བརྗེ་སྤོར་བྱས་མི་ཆོག  གལ་ཏེ་སྐྱོན་ཤོར་ན་སྐྱིན་ཚབ་སྤྲོད་དགོས།

    བརྒྱད།  ཞག་སྡོད་ནད་པས་མི་སྒེར་གྱི་དངོས་པོར་བདག་སྐྱོང་ལེགས་པོ་བྱེད་དགོས། ནད་ཁང་གི་སྒོ་དུས་རྒྱུན་མི་བརྒྱག་པས་དངོས་པོ་རྩ་ཆེན་ཡོད་ན་ཚན་ཁག་དང་འབྲེལ་བ་བྱས་ནས་གསོག་ཉར་བྱེད་དགོས།

     དགུ།  སྨན་ཁང་དང་ཁ་འབྲལ་དུས་སྨན་ཞབས་པའི་བསླབ་བྱ་ལ་ཉན་དགོས་པ་མ་ཟད་། སྨན་པའི་མངགས་བྱ་བརྩི་དགོས།



健康
热线

0971-8200897
7*24小时健康热线

关注
微信

关注公众号