中文版 | 藏文版
སྨན་ལུམས་ཚན་ཁག

སྨན་ལུམས་ཚན་ཁག(图1)

  མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་སྨན་ལུམས་ཚན་ཁག་ནི་རྒྱལ་ཁབ་རིམ་པའི་གཙོ་གནད་ཚན་ཁག་དང༌། མཚོ་སྔོན་ཞིང་ཆེན་གྱི་ཚན་ཁག་གྲགས་ཅན། ཞིང་ཆེན་ཡོངས་སུ་བོད་སྨན་གྱི་སྒེར་ཆོས་མངོན་པར་གསལ་བའི་ཚན་ཁག་ཅིག་ཡིན། ལུམས་ཀྱིས་བཅོས་ཐབས་འདིར་མ་མཐའ་ཡང་ལོ་ངོ་༡༣༠༠ལྷག་གི་ལོ་རྒྱུས་ལྡན་ཞིང༌། གཙོ་བོ་བདུད་རྩི་ལྔ་ལུམས་ཀྱི་སྟེང་དུ་གསང་སྨན་ཁ་ཚེར་སྦྱོར་སྡེབ་དང་དཔྱད་བཅོས་ཟུང་དུ་སྦྲེལ་ཏེ་རྒྱུ་རྐྱེན་འདྲ་མིན་སྣ་ཚོགས་ཀྱིས་བསྐྱེད་པའི་དྲེག་གྲུམ་དང་ཆུ་སེར་གྱི་ནད། པགས་ནད་སོགས་ལས་གཞན། ཕྱི་ལུགས་གསོ་རིག་སོགས་ཀྱིས་བཅོས་ཐབས་ཟད་པའི་རྩ་དཀར་ཀྱི་ནད་སྣ་ཚོགས་ལ་གསོ་བཅོས་བྱས་ནས་དྲག་སྐྱེད་ལེགས་པས། ད་ལྟ་རྒྱལ་ཁབ་རིམ་པའི་དངོས་བོ་མ་ཡིན་པའི་ཤུལ་བཞག་རིག་གནས་ཀྱི་ཁོངས་སུ་ཚུད་ཡོད།  

      ཚན་ཁག་འདི་རུ་དྲེག་ནད་དང༌། རླུང་ཚབས། མཁལ་འགྲམས། གཞུང་རེངས། དཔུང་འཇའ།བརྡབ་སྐྱོན། རུས་འཛེར། རྐང་ལག་ཞ་བ་དང་སྦྲིད་པ། རེངས་འཁུམས། རྩ་རྒྱུད་ན་བ་སོགས་རྩ་དཀར་གྱི་ནད་སྣ་ཚོགས་དང༌།  དེང་འདིར་ཡོངས་སུ་གྲགས་པའི་རླུང་རླན་གྱི་ནད་དང༌། རུས་སྐྱེ། རུས་པ་སོབ་འགྱུར། ཕ་ཁིན་སོན་རྟགས་འདུས་ནད་སོགས་ལ་གསོ་བཅོས་ཀྱི་ཕན་ནུས་བཟང་བས། རྒྱལ་ཁབ་ཕྱི་ནང་གི་ནད་པ་མང་པོས་རུབ་ཡོད། །    

སྨན་ལུམས་ཚན་ཁག(图2)

健康
热线

0971-8200897
7*24小时健康热线

关注
微信

关注公众号