中文版 | 藏文版
དཔྱད་བཅོས་ཚན་ཁག

c27a246ac605d9b6165b26c0918b5618.jpg




62cb6c174f825d828fe663efee188b02.jpg

       དཔྱད་བཅོས་ཚན་ཁག་ནི་ཞིང་ཆེན་རིམ་པའི་སྒེར་ཆོས་ལྡན་པའི་ཚན་ཁག་འདིས་བགྲང་བྱ༣༠ལྷག་གི་འཕེལ་རྒྱས་ཁྲོད། བོད་ལུགས་གསོ་རིག་གི་བརྟག་བཅོས་ཁྲོད་ཀྱི་ཁྱད་ཆོས་གང་ཡོད་གཞིར་བཟུང་ཐོག ལག་ཐབས་གསར་བ་མང་པོར་ཉམས་ཞིབ་བྱེད་བཞིན་གསོ་བཅོས་བྱས་ཤིང་བཅོས་སྐྱེད་ཐོན་པས། རྒྱལ་ཁབ་ཕྱི་ནང་གི་གསོ་བྱ་མང་པོས་རུབ་ཡོད། ལྷག་པར་དུ་ཚན་ཁག་འདིའི་གཏར་གའི་བཅོས་ཐབས་དེ་རྒྱལ་ཁབ་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཁོངས་སུ་ཚུད་ཡོད། དཔྱད་བཅོས་ཀྱི་ཐད་ནས་གཙོ་བོ་གཏར་ག་རྒྱག་པ་དང་བསྐུ་མཉེ་བྱ་བ། རྭ་འཇིབ་རྒྱག་པ།རླངས་ལུམས་དང་བཅིངས་ལུམས། གསེར་དེལ་དངུལ་དེལ་བཅས་འཇོག་པ་ལས་གཞན། འཐེན་བཅོས་བྱེད་པ། སྐམ་ཁབ་འཛེར་བ། དུགས་དང་མེ་བཙའ་འཇོག་ཞོར་ལ་དེང་གི་རླབས་ཕྲན་དཔྱད་ཆས་དང་གློག་ཁབ། ཐིག་འཕྲོའི་འོད་དམར་སོགས་བརྟག་ཆས་ཀྱང་སྤྱད་དེ་སྲོལ་རྒྱུན་དང་དེང་རབས་ཟུང་ཏུ་སྦྲེལ་ཅི་ཐུབ་བྱེད་པས། ནད་གང་དེར་བཅོས་ཡུན་ཐུང་ཞིང་སྨན་ནུས་ཡུན་རིང་ཐོན་པ། དམན་ལྷག་ལོག་གསུམ་ཀྱི་སྐྱོན་མེད་པའི་ཁྱད་ཆོས་དུ་མ་དང་ལྡན།  ནད་ཀྱི་ཕྱོགས་ནས་གཙོ་བོ་དྲེག་གྲུམ་གྱི་ནད་དང་རླུང་ནད་སྣ་ཚོགས། རུས་སྐྱེ་དང་རུས་འཛེར། བང་ཚད། རྩ་དཀར་གྱི་ནད། མཁལ་འགྲམས་ཀྱི་རིགས། ཁ་ངོ་འཆུ་བ། མདུན་ཆགས་གཤེར་རྨེན་གྱི་ནད། ཁྲག་ཤེད་མཐོ་བ། རླུང་རླན་འདྲའི་ཚིགས་གཞི་ན་བ། ཁྲག་མཁྲིས་ཚ་བའི་ནད་རིགས་བཅས་ལ་གསོ་བཅོས་ཀྱི་ཕན་འབྲས་བཟང་ཐོག་དཔལ་འབྱོར་འགྲོ་གྲོན་ཆུང་བས་ཀུན་གྱིས་དགའ་བསུ་ཐོབ་གྱིན་ཡོད། །













健康
热线

0971-8200897
7*24小时健康热线

关注
微信

关注公众号