中文版 | 藏文版
ཁོང་ནད་ཚན་ཁག

     ཁོང་ནད་ཚན་ཁག་ནི་རང་སྨན་ཁང་གི་ཚན་ཁག་ཆེ་བའི་གྲས་ཤིག་ཡིན། ལོ་ངོ་ཉི་ཤུ་ལྷག་གི་སྨན་བཅོས་བྱ་རིམ་ཁྲོད་ཚན་ཁག་འདིའི་སྨན་པ་རྣམས་ཀྱིས་བོད་ཀྱི་གསོ་རིག་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གཙོར་བཟུང་བ་དང་དེང་རབས་གསོ་རིག་གི་བརྟག་ཐབས་སོགས་བེད་སྤྱོད་བྱས་ཏེ་ཁོང་ནད་སྣ་ཚོགས་ཀྱི་གསོ་བཅོས་ཐད་ནས་གྲུབ་འབྲས་ཆེན་པོ་བླངས་ཡོད། 
     ཚན་ཁག་འདིས་བོད་ཀྱི་གསོ་རིག་གི་གཞུང་ལུགས་ལ་མུ་མཐུད་ཞིབ་འཇུག་དང་ནད་ཐོག་ལག་ལེན་ཁྲོད་ཀྱི་ཉམས་མྱོང་མང་པོ་ཕྱོགས་བསྡོམས་སྒོས་འབྱིན་རྔུབ་མ་ལག་གི་ནད་སྣ་ཚོགས་སྟེ། གློ་ནད་ཐེས་པོ་དང༌། གློ་རྒྱས། གློ་རླུང༌། གློ་བའི་སྐྲན་ནད། གློ་ནད་ཆུ་ཤོར་སོགས་ལས་གཞན་ད་དུང་མཁལ་ཚད་དང༌། མཁལ་གཅོང༌། མཁལ་མའི་རྡེའུ་སྐྲན། གཅིན་སྙི་ཟ་ཁུ། མཁལ་འགྲམས། ལྒང་བའི་གཉན་ཚད་སོགས་དང༌། ཕྱི་ལུགས་གསོ་རིག་གིས་བརྗོད་པའི་མདུན་ཆགས་གཤེར་རྨེན་གྱི་ནད་དང༌། རྒས་པའི་ནད་རིགས་སྣ་ཚོགས་ལ་གསོ་བཅོས་བྱས་ཏེ་གྲུབ་འབྲས་ཁྱད་པར་བ་བླངས་ཡོད། འདིའི་སྨན་པ་རྣམས་གཞུང་ལག་ལེན་དུ་འདེབས་པའི་ཉམས་མྱོང་དང་ལྡན་ཐོག་གཤིས་རྒྱུད་ཀྱང་འཇམ་པས། ཕྱོགས་སོ་སོ་ནས་ཡོང་བའི་ནད་པ་མང་ཚོགས་ཀྱིས་བསྟོད་བསྔགས་ཚད་མེད་གནང་བཞིན་ཡོད། །


ab6113a03d68427b2ac74186d0bd9cde.jpg

健康
热线

0971-8200897
7*24小时健康热线

关注
微信

关注公众号