ཁོང་ཚན་གཉིས་པ(སྐྲན་ནད་ཚན་ཁག)ནི་ཉེ་བའི་ལོ་འགའི་འཕེལ་རྒྱས་དང་སྐྲན་ནད་བྱུང་ཚད་ཀྱི་གནས་བབས་ལ་དམིགས་ཏེ་༢༠༡༢ལོར་འབྲེལ་ཡོད་སྡེ་ཁག་གི་ཆོག་མཆན་བརྒྱུད་གསར་དུ་བཙུགས།ཚན་ཁག་འདིར་གཙོ་བོ་རྒྱུན་མཐོང་གི་མཁལ་མ་དང་གློ་མཆིན་ཕོ་བའི་ནད་སྣ་ཚོགས་དང་།ལྷག་དུ་སྐེའི་རྨེན་སྐྲན་དང་ལྒང་བའི་རྨེན་སྐྲན།མཁལ་སྐྲན།མཆིན་པའི་སྲིན་སྐྲན།ཕོ་འབྲས།མཆིན་འབྲས།གློ་འབྲས།མིད་འབྲས།མཁལ་འབྲས།ནུ་འབྲས།མངལ་འབྲས་ལ་སོགས་པའི་འབྲས་སྐྲན་གྱི་ནད་རིགས་སྣ་ཚོགས་ལ་གསོ་བཅོས་བྱེད་བཞིན་ཡོད་ལ་ཕན་འབྲས་ཀྱང་མངོན་གསལ་དོད་པོ་ཞིག་ཐོན་བཞིན་ཡོད།