中文版 | 藏文版
ཁོང་ནད་ཚན་ཁག་གསུམ་པ།

9108adf2e2cf10b062f3ef31085ceb38.jpg

མཚོ་སྔོན་ཞིང་ཆེན་བོད་ལུགས་སྨན་ཁང་གི་ནད་མེད་ཚེ་བསྲིང་ཚན་ཁག་(ཁོང་ནད་ཚན་ཁག་གསུམ་པ)ནི་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུའི་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་གཙོ་གནད་ཆེད་ཚན་འཛུགས་སྐྲུན་གྱི་ཚན་ཁག་ཅིག་ཡིན། ཚན་ཁག་འདིའི་ནད་ཐོག་ཁང་ཚན་གྱི་གཞི་ཁྱོན་ལ་སྨིས་གྲུ་བཞི་མ་༥༥༠༠ལྷག་ཡོད་ཅིང་། མལ་ཁྲི་༣༤དང་། སྨན་པ་དང་སྨན་ཞབས་༡༢ཡོད།

ཚན་ཁག་འདི་ནི་རྒྱལ་ཡོངས་སུ་ཐོག་དང་པོར་རིམ་གསུམ་ཀ་བའི་སྨན་ཁང་དུ་བཙུགས་པའི་ནད་མེད་ཚེ་བསྲིང་ངམ་ཁམས་གསོའི་ཚན་ཁག་ཅིག་སྟེ། ཚན་ཁག་འདིས་ཐོག་མཐའ་བར་གསུམ་དུ་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ཀྱི་སྲོག་ཤིང་ཏུ་གྱུར་བའི་ཉེས་གསུམ་རིག་པ་རྨང་གཞིའི་སྟེང་། རང་བཞིན་བདུན་ལ་སོགས་པ་གཙོ་བོར་བཟུང་ཞིང་། གཞུང་ལག་ལེན་གང་ཅིའི་ཐད་ནས་གནད་དང་འབེབས་སོ་གཅིག་ལ་བབས་ཏེ་བོད་གསོའི་ཐ་མལ་ནད་མེད་དམ་ནད་མེད་ཚེ་བསྲིང་། སེམས་དྭངས་ཁམས་གསོའི་ཐབས་ལམ་གསར་བ་ཞིག་ལ་བསྙེགས་ཤིང་དེ་བསྟུན་གྱི་ལམ་སྣ་གསར་བ་བཏོད་དང་གཏོད་བཞིན་པའི་སྒང་ཡིན། 

གཉིས། ཐུན་མིན་ཁམས་གསོའི་ཐབས། 

དུས་བསྟུན་ཁམས་གསོ། རང་བཞིན་གཏན་འབེབས། སྒོམ་བཅོས། སེམས་ཁམས་བདེ་སྟོན། ཆུའི་འཕྲུལ་འཁོར།

གསུམ། གསོ་བཅོས་བྱ་ཡུལ།

༡ ནད་མེད་ཅིང་ལུས་ཁམས་བདེ་ཞིང་ཐང་བ་སྟེ། ནད་མེད་སྡུག་མེད་ཀྱི་གནས་སྟངས་ཡུན་རིང་དུ་སྲུང་འཛིན་བྱེད་འདོད་པ།

༢ ཟུངས་སྙོམ་ཞིང་ནད་གསོག་པའི་དུས། 

༣ ལུས་སེམས་ཉོབ་ཅིང་མི་བདེ་བའི་སྣང་ཚུལ་ལྡན་ནའང་། དངོས་ལུགས་རྫས་འགྱུར་གྱི་ཚད་ཐིག་སྟེང་གཟུར་ཅི་ཡང་མེད་པ།

༤ གཞོགས་འདེགས་བརྟག་དཔྱད་ལྟར་ན་རྒྱུན་ལྡན་ཡིན་མིན་གྱི་སོ་ན་གནས་ནའང་། ནད་དུའང་འཛིན་མི་རུང་བ།

༥དལ་གཤིས་ནད་ཀྱི་བག་ཞའི་གནས་སྐབས་སུ་གཏོགས་པས་ནད་འགྱུར་རུང་ཞིང་། བླ་གཉན་གྱི་ནད་གཞན་འགོག་པ།

༦ ནད་ཞི་བའི་དུས་དང་གཤག་བཅོས་སོགས་ཀྱི་རྗེས་སུ་ཟུངས་གསོ་དགོས་པ་བཅས་ཀྱི་སྐོར།


健康
热线

0971-8200897
7*24小时健康热线

关注
微信

关注公众号