中文版 | 藏文版
མཚོན་རྨ་ཚན་ཁག
     གསོ་རིག་ལོ་རྒྱུས་ཡིག་ཚང་དག་ལས་ཤེས་ཐུབ་པ་ཞིག་ལ། མི་ལོ་བཞི་སྟོང་ཡ་སྔོན་ནས་རང་རེའི་བོད་གངས་ཅན་གྱི་མེས་པོ་དག་གིས་གྲུབ་ཚུལ་རྙོག་འཛིང་ཆེ་བའི་ཀླད་རུས་གཤགས་འབྱེད་བྱས་མྱོང་བ་མ་ཟད།  མི་ལོ༡༣༠༠གོང་ནས་མིག་འགྲིབ་དང་རུས་ནད་སྣ་ཚོགས་ལ་དཔྱད་བཅོས་བྱས་བའི་ལོ་རྒྱུས་གསལ།  དེ་ལྟ་ནའང་དུས་ཕྱིས་སུ་ཕྱི་ནང་གི་རྒྱུ་རྐྱེན་གང་མང་ཞིག་གི་དབང་གིས་གནའ་བའི་ལག་ཐབས་རྩ་ཆེན་དེ་རིགས་རིམ་པས་ཉམས་དམས་སུ་གྱུར་སྟབས། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གིས་སྙིགས་དུས་ནད་རིགས་འདྲ་མིན་གྱིས་གཙེས་བའི་ནད་པ་རྣམས་ན་བའི་སྡུག་བསྔལ་ལས་སྒྲོལ་ཆེད། དེང་རབས་དང་སྲོལ་རྒྱུན་ཟུང་དུ་འབྲེལ་བའི་མཚོན་རྨ་ཚན་ཁག་གསར་དུ་བཙུགས་ཤིང༌།གཞུང་ལུགས་དང་ནད་ཐོག་གང་ཅིའི་ཐད་ནས་གཞན་དྲིང་མི་འཇོག་པའི་ཆེད་མཁས་པ་མང་པོ་གདན་འདྲེན་ཞུས་ཡོད། 

     སྤྱིའི་ཆ་ནས་སྨན་ཁང་འདིའི་མཚོན་རྨ་ཚན་ཁག་འགོ་འཛུགས་འཕྱི་ནའང་ཉམས་མྱོང་འཛོམས་ཤིང་ལག་རྩལ་ནང་བྱན་ཆུབ་པའི་གཞུང་བཟང་ཡར་བརྩོན་ཅན་གྱི་སྨན་པ་མང་པོ་བཞུགས་པའི་རྐྱེན་གྱིས། གཤག་བཅོས་ལས་བཅོས་སྡུག་དང་ཞོར་སྐྱོན་འབྱུང་བ། ལག་བདལ་ཤོར་བའི་གནས་ཚུལ་བྱུང་མྱོང་མེད་ལ། བཅོས་སྔོན་བརྟག་བཤེར་དང་གཤགས་རྗེས་གཉོར་སྐྱོང་གི་ལས་སྒྲུབ་པ་དེ་བས་བཟང༌། ཚན་ཁག་འདི་རུ་གཙོ་བོ་རྨ་དང་རུས་ནད། སྒལ་རུས་སོགས་རྒྱུན་མཐོང་འཕར་སླའི་ནད་རིགས་ལ་གཤག་བཅོས་བྱས་ཏེ་དྲག་སྐྱེད་ལེགས་པ་ནི། དཔེར་ན། དཔྱི་ཚིགས་གོ་བརྗེ་དང་མཆིན་འདབ་གཅོད་པ། ཕོ་བ་གཅོད་པ། ཁྲག་ལོང་འབྲས་སྐྲན་དང་ལོང་གཡས་གཅོད་པ། མཆིན་པའི་གཡོན་ལོགས་གཅོད་པ། མཁལ་མ་གཡས་པ་ལངས་ཏེ་གཅིན་འདྲེན་སྦུ་གུ་སྐྱས་སྤོབ་བྱེད་པ་སོགས་ལག་ཐབས་ཅུང་དཀའ་བའི་གཤག་བཅོས་ཀྱི་རིགས་ཡིན་ལ། ཆེད་ལས་ལ་གཙིགས་ཤིང་རིན་གོང་བདེ་བའི་སྙན་པས་ཟི་ལིང་གྲོང་ཁྱེར་ཡོངས་སུ་ཁྱབས་འདུག ། 

3bc7a0e1f0c4c8c35f313d06397e7ea5.jpg


健康
热线

0971-8200897
7*24小时健康热线

关注
微信

关注公众号