中文版 | 藏文版
མོ་ནད་ཚན་ཁག

      བོད་ཀྱི་གསོ་རིག་གིས་མི་ལོ་༡༣༠༠གོང་ནས་མངལ་ཆགས་ཚུལ་དང་དེའི་རིགས་འགྲོས་ཐད་ལ་ཚན་རིག་དང་དང་མཐུན་པའི་ལྟ་བ་ཡ་མཚན་པ་བཏོན་ཡོད་པ་གསོ་རིག་རྒྱུད་བཞིའི་བྲིས་ཆ་ལས་གསལ་བོར་ངེས། མོ་ནད་ཕྱོགས་ནས་བརྗོད་ན་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་མོ་ནད་ཚན་ཁག་འདིའང་མཐོ་སྒང་བུད་མེད་དག་གི་ལུས་སེམས་གཉིས་ཀྱི་བདེ་ཐང་ཕྱོགས་སུ་ཐུགས་གཙིགས་ཆེ་བའི་ཤེས་ལྡན་སྔོན་མ་དག་གི་བཀའ་དྲིན་ལ་བརྟེན་ནས་སྨན་ཁང་གསར་འཛུགས་བྱས་པའི་དུས་དང་སྟབས་ཁེལ་གྱིས་བཙུགས་པ་ཞིག་ཡིན། ཚན་ཁག་འདིའི་སྨན་པ་རྣམས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་བོད་ལུགས་གསོ་རིག་གི་ཕྱག་ལེན་རྣལ་མ་རྒྱུན་འཛིན་དང་ལག་ཐབས་གསར་བར་ཞིབ་འཇུག་གི་ཁྲོད་ནས་མོ་ནད་རིགས་འདྲ་མིན་སྣ་ཚོགས་ལ་གསོ་བཅོས་ཀྱི་ཆུ་ཚད་མཐོར་འདེགས་བྱས་པའི་དབང་གིས། སྔ་གཞུག་ཏུ་རོང་འབྲོག་ཁུལ་གྱི་ནད་པ་མང་པོས་ཁྱིམ་གྱི་བཟའ་ཚང་ལའང་མི་ཤོད་པའི་ལུས་དང་སེམས་ཀྱི་ན་ཟུག་བརྗོད་ས་ཞིག་ཏུ་གྱུར་ཡོད།
      ཚན་ཁག་འདིར་མོ་ནད་རྒྱུན་མཐོང་གི་རིགས་སྟེ། རླུང་ཚབས་དང༌། མངལ་སྐྲན། མངལ་སྲིན། མོ་ནད་དུག་ཐབས་སོགས་ལ་གསོ་བཅོས་བྱེད་ཅིང་བཅོས་སྐྱེད་ལེགས་པས། དུས་རྒྱུན་དུ་སྡོད་བཅོས་མལ་ཁྲི་ལག་སོན་དཀའ་བའི་གནས་ཚུལ་འབྱུང་བཞིན་ཡོད། 
      ཚན་ཁག་འདིས་བོད་ལུགས་གསོ་རིག་གི་གཏར་བསྲེག་དང་དུགས་ལུམས་བྱུག་པ། བསྐུ་མཉེ། རྭ་འཇིབ་སོགས་ཐུན་མིན་བཅོས་ཐབས་སྤྱོད་པ་ལས་གཞན་ནུབ་ལུགས་རྫས་འགྱུར་བརྟག་དཔྱད་སྣ་ཚོགས་སྟེ། LEEPལ་སོགས་པའི་གཞོགས་འདེགས་བརྟག་ཆས་སྤྱད་དེ་མངལ་སྐེའི་འབྲུམ་རྡོལ་དང་མངལ་ཁ་ཆེར་རྒྱས་པ། མངལ་ཁའི་ཤའུ་དང་མངལ་ཁའི་རྣག་སྐྲན་འདྲུད་པའི་གཤག་བཅོས་བྱས་
པར་གྲུབ་འབྲས་མངོན་གསལ་བླངས་ཤིང༌། མོ་ནད་སྣ་ཚོགས་ལ་གཉན་པོ་དུས་སུ་སྤྲོད་ཅིང་ནད་ཀྱི་དྲག་ཚད་མཐོ་བས། རྒྱ་ཆེའི་ནད་པ་མང་ཚོགས་ཀྱི་བསྔགས་བརྗོད་དང་གུས་བཀུར་བླ་མེད་ཞུ་བཞིན་མཆིས། །

aa1ce5c7a1a91fc08205927837e0a697.jpg

健康
热线

0971-8200897
7*24小时健康热线

关注
微信

关注公众号