中文版 | 藏文版
ཕོ་མཆེར་ཚན་ཁག


ཕོ་མཆེར་ཚན་ཁག(图1)


      མཚོ་སྔོན་ཞིང་ཆེན་གྱི་གཙོ་གནད་ཚན་ཁག་དང་ཞིང་ཆེན་རིམ་པའི་ཚན་ཁག་གྲགས་ཅན་ཕོ་མཆེར་ཚན་ཁག་གིས་ནད་ཐོག་སྨན་བཅོས་དང་ཚན་རྩལ་ཞིབ་འཇུག་གཞི་གཅིག་ཏུ་སྦྲེལ་ཏེ་ཕོ་ལོང་རྒྱུ་མའི་ནད་རིགས་བཅོས་དཀའ་བ་རྣམས་གཞིར་བཅས། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ཚན་རྩལ་ཞིབ་འཇུག་ལས་གཞི་བཅུ་ལྷག་ལ་ནད་ཐོག་ཞིབ་འཇུག་བྱས་པའི་ནང༌། བོད་སྨན་གྱིས་ཕོ་རུབ་ལ་གསོ་བཅོས་བྱས་པའི་ཕན་འབྲས་ཞེས་པ་རྒྱལ་ཁབ་རིམ་པའི་ལས་གཞིར་བདམས་པ་དང༌། སྨན་སྦྱོར་དྭགས་སྨན་བཅོ་ལྔས་ལོང་ནད་སྨུག་པོར་གསོ་བཅོས་བྱས་པའི་ཕན་འབྲས་དང་བོད་སྨན་ཁ་ཚར་ཅན་གྱིས་གཞང་འབྲུམ་ནད་ལ་གསོ་བཅོས་བྱས་པའི་ཕན་འབྲས། དེ་བཞིན་སྨན་སྦྱོར་འབྲོང་ཁྲག་བརྒྱད་པ་ཁ་ཚར་ཅན་གྱིས་བད་ཀན་མགུལ་འགགས་གསོ་བཅོས་བྱས་པའི་ཕན་འབྲས་བཅས་ལ་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ཚན་རྩལ་ལས་གཞིའི་རྒྱབ་སྐྱོར་ཐོབ་ཅིང་ད་ལྟ་ནད་ཐོག་ཞིབ་འཇུག་གི་འགྲོ་རིམ་སྒྲུབ་བཞིན་ཡོད།  
     ཚན་ཁག་འདིས་བོད་ལུགས་གསོ་རིག་གི་ཐུན་མོང་མ་ཡིན་པའི་བརྟག་ཐབས་ཀྱི་སྟེང་དུ་ཕོ་ཤེལ་དང༌། རླངས་བརྟེན་བརྟག་ཆས་སོགས་འབྲེལ་ཡོད་སྔོན་ཐོན་དཔྱད་ཆས་གང་ལེགས་སྤྱད་དེ་བརྟག་དཔྱད་བྱས་པས། ༢༠༠༩ལོར་མཚོ་སྔོན་ཞིང་ཆེན་གྱི་ནད་ཐོག་ཞིབ་འཇུག་ལྟེ་གནས་སུ་བདམས།  
    ཚན་ཁག་འདིས་གཙོ་བོ་བད་ཀན་མིད་འཆུས་ཀྱི་ནད་དང་ཕོ་བ་སྨུག་པོ། ཕོ་བའི་རྡོ་སྐྲན། ཕོ་བ་མཁྲིས་ལུད། ཕོ་བའི་བད་ཀན། བད་ཀན་སྐྱ་བོ་རིགས་དྲུག་གི་ནད། ཕོ་བའི་ཤ་ལུ། རྒྱུ་མ་སྨུག་པོ། རྒྱུ་རྒན། རྒྱུ་རླུང༌། གཞང་འབྲུམ་དང་གཞང་སྲིན། མཆེར་རླུང་དང་མཆེར་སྦོས། བད་ཀན་མིད་ཐོགས། ཕོ་བའི་འབྲས་སྐྲན་སོགས་དང༌། གཞན་ཡང་ཕྱི་ལུགས་གསོ་རིག་གིས་བརྗོད་པའི་རྒྱུ་སོར་བཅུ་གཉིས་རལ་ཟགས་དང༌། རུལ་མྱག་རང་བཞིན་གྱི་ཕོ་ཚད་སོགས་ཕོ་ལོང་རྒྱུ་མའི་བཅོས་དཀའི་ནད་རིགས་སྣ་ཚོགས་ལ་གསོ་བཅོས་བྱས་པས་རྒྱ་སོག་ཧོར་སོགས་རིགས་སོ་སོའི་ནད་པས་དགའ་བསུ་ཚད་མེད་ཐོབ་གྱིན་ཡོད། ། 


ཕོ་མཆེར་ཚན་ཁག(图2)






健康
热线

0971-8200897
7*24小时健康热线

关注
微信

关注公众号