中文版 | 藏文版
མཆིན་མཁྲིས་ཚན་ཁག

      མཆིན་མཁྲིས་ཚན་ཁག་ནི་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཙོ་གནད་ཚན་ཁག་ཏུ་གཏོགས་ཤིང༌། ཞིང་ཆེན་རིམ་པའི་སྒེར་ཆོས་མངོན་པའི་ཚན་ཁག་གཙོ་བོ་ཞིག་ཡིན་པ་མ་ཟད། རྒྱལ་ཁབ་ཀྱི་སྨན་རྫས་གསར་བ་ནད་ཐོག་ཞིབ་འཇུག་བྱེད་ཆོག་པའི་ཐོབ་ཐང་དང་ལྡན་པ་ཞིག་ཡིན། ཚན་ཁག་འདི་རུ་མཆིན་ནད་ལེབ་རྒན་དང་ལྡེམ་བུ་སོགས་ཀྱི་མཆིན་ནད་དབྱེ་བ་བཅོ་བརྒྱད་དམ། དེང་གི་སྐད་དུ་མཆིན་ཚད་དང་མཆིན་པ་སྲ་གྱུར། ཚིལ་མཆིན། མཆིན་ཐུམ་སྲིན་ཟིན། མཆིན་འབྲས་སོགས་ལས་གཞན་མཁྲིས་པ་ཤ་སེར་མིག་སེར་དང༌། སྣོད་མཁྲིས་ཚ་ནད། མཁྲིས་རྡོ། སྣོད་མཁྲིས་ཤ་ལུ་སོགས་ལ་གསོག་ལྡང་ཞི་གསུམ་གྱི་དུས་ངེས་ཅན་ལ་ལྟོས་ཏེ། གཉན་པོ་ཞི་བྱེད་སྨན་གཏོང་བའི་དུས་མཚུངས་སུ། གཏར་ག་དང་སྦྱོངས། མེ་བཙའ་ལ་སོགས་པའི་དཔྱད་དང་དེང་རབས་ཀྱི་བརྟག་ཐབས་གང་མཁོ་སྦྲགས་མར་སྤེལ་བས།  གསོ་བཅོས་ཀྱི་ཕན་འབྲས་བཟང་ཞིང་སྤྱི་ཚོགས་སྟེང་གི་གདེངས་འཇོག་མཐོ། 

ab831e078b0e0981349eb34c71b3905f.jpg

健康
热线

0971-8200897
7*24小时健康热线

关注
微信

关注公众号