中文版 | 藏文版
སྙིང་ནད་ཚན་ཁག

སྙིང་ནད་ཚན་ཁག(图1)

སྙིང་ནད་ཚན་ཁག་ནི་ཞིང་ཆེན་ཡོངས་ནས་བོད་ཕྱི་ཟུང་འབྲེལ་གྱིས་སྙིང་ནད་ཁྲག་རྩའི་ནད་རིགས་སྔོན་འགོག་དང་བརྟག་དཔྱད། གསོ་བཅོས་དང་ཞིབ་འཇུག་བཅས་གཞི་གཅིག་ཏུ་སྦྲེལ་བའི་ཆེད་ལས་ཚན་ཁག་ཡིན་ལ། ཚན་ཁག་འདི་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་ལོ་ལྔ་ཚན་བཅུ་གཅིག་པའི་གཙོ་གནད་ཆེད་ལས་ཚན་ཁག་འཛུགས་སྐྲུན་གྱི་གྲས་སུ་བདམ་ཡོད།ཚན་ཁག་འདིར་བོད་ལུགས་གསོ་དཔྱད་ཀྱི་འབྲེལ་ཡོད་ཆ་བྱད་དང་དེང་རབས་སྔོན་ཐོན་མྱུར་སྐྱོབ་ཀྱི་སྒྲིག་ཆས་ཀྱང་ཅུང་ཆ་ཚང་ཡོད་པ་མ་ཟད།བརྟག་བཅོས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པ་དང་ནད་སྐྱོང་ཞབས་ཞུའི་ཆུ་ཚད་མཐོ་བའི་སྨན་པ་དང་ནད་སྐྱོང་མ་ཉི་ཤུ་ལྷག་གིས་སྙིང་འཕྱོས་དང་སྙིང་གཟེར།ཁྲག་རླུང་དང་སྙིང་འཐིབས།སྙིང་ཚད།ལྷན་སྐྱེས་ཀྱི་སྙིང་ནད་སོགས་ལ་གང་ལ་གང་འཚམ་སྒོས་གསོ་བཅོས་བྱེད་བཞིན་ཡོད།





健康
热线

0971-8200897
7*24小时健康热线

关注
微信

关注公众号