中文版 | 藏文版
མིག་སྔ་འི་སྡོད་གནས། - > མདུན་ངོས། > དུས་ཐོག་གསར་འགྱུར། > སྤྱི་བསྒྲགས་གསལ་སྒྲོག

རྒྱལ་སྨན་མཁན་པོ་རྒྱ་ཡེ་ཉི་མར་རྒྱལ་ཡོངས་ཀྲུང་ལུགས་གསོ་རིག་རྨད་བྱུང་མཛད་རྗེས་ཀྱི་བྱ་དགའ་ཐོབ།


ཟླ་ཚེས:2019-10-28 15:08:15  བརྡབས་གྲངས།:  གཏོགས་ཡུལ:སྤྱི་བསྒྲགས་གསལ་སྒྲོག

རྒྱལ་སྨན་མཁན་པོ་རྒྱ་ཡེ་ཉི་མར་རྒྱལ་ཡོངས་ཀྲུང་ལུགས་གསོ་རིག་རྨད་བྱུང་མཛདjཀྱི་བྱ་དགའ་ཐོབ།(图1)

མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་རྒྱལ་སྨན་མཁན་པོ་རྒྱ་ཡེ་ཉི་མ་མཆོག་ལ་རྒྱལ་ཡོངས་ཀྲུང་ལུགས་གསོ་རིག་རྨད་བྱུང་མཛད་རྗེས་ཀྱི་བྱ་དགའ་ཐོབ།

རྒྱལ་སྨན་མཁན་པོ་རྒྱ་ཡེ་ཉི་མར་རྒྱལ་ཡོངས་ཀྲུང་ལུགས་གསོ་རིག་རྨད་བྱུང་མཛད་རྗེས་ཀྱི་བྱ་དགའ་ཐོབ།(图2)

 ༢༠༡༩ལོའི་སྤྱི་ཟླ་༡༠པའི་ཚེས་༢༥ཉིན་རྒྱལ་ཡོངས་ཀྱི་ཀྲུང་ལུགས་གསོ་རིག་ ཚོགས་ཆེན་པེ་ཅིང་དུ་འཚོགས་ཤིང་། ཚོགས་འདུའི་ཐོག་ཞིས་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ལི་ཁེ་ཆང་གི་མཆན་བཀོད་མཛུབ་སྟོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཆེ་གཞོན་པ་ཏིང་ཞང་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། 
    ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་།  རྒྱལ་ཁབ་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཀྲུང་ལུགས་གསོ་རིག་ནི་ལོ་ངོ་སྟོང་ཕྲག་དུ་མའི་རིང་ལ་ནད་རིགས་འཐབ་རྩོད་བྱས་པའི་མཉམ་མྱོང་གསོག་འཇོག་དང་རྒྱུད་འཛིན་འོང་བ་ཞིག་ཡིན་པའི་བླ་ན་མེད་པའི་ནོར་བུ་རྩ་ཆེན་ཞིག་དང་གཉིས་སུ་མེད་ལ།ཀྲུང་ཧྭ་མི་དམངས་ཀྱི་རིག་གནས་ཀྱི་ཉིང་བཅུད་ཡིན་པ་དང་།ཀྲུང་གོ་གསར་པ་དབུ་བརྙེས་ཚུན་རང་རྒྱལ་གྱི་ཀྲུང་ལུགས་གསོ་རིག་བྱ་གཞག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་མི་དམངས་ཀྱི་བདེ་ཐང་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་པར་གསུངས། ། 
  ཀྲུང་ལུགས་གསོ་རིག་ དེང་རབས་ཅན་དང་ཐོན་ལས་ཅན་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ་དང་། ཕྱི་ལུགས་གསོ་རིག་དང་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཀྲུང་ལུགས་གསོ་རིག་ གི་ཐོན་ལས་སྤུས་ཚད་གོང་འཕེལ་ལ་སྐུལ་འདེད་གཏོང་བ། ཀྲུང་ལུགས་གསོ་རིག་ ་ཀྱི་ནད་འགོག་སྨན་བཅོས་ཀྱི་དམིགས་བསལ་ལེགས་ཆ་དང་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ནས་བདེ་ཐང་ཀྲུང་གོ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པའི་ནན་བཤད་གནང་བ་རེད། 

      འཚོགས་ཐོག་ཏུ་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་རྒྱལ་སྨན་མཁན་པོ་རྒྱ་ཡེ་ཉི་མ་མཆོག་ལ་རྒྱལ་ཡོངས་ཀྲུང་ལུགས་གསོ་རིག་རྨད་བྱུང་མཛད་རྗེས་ཀྱི་བྱ་དགའ་ཐོབ་པར་གཟེངས་སྟོད་བྱས།

རྒྱལ་སྨན་མཁན་པོ་རྒྱ་ཡེ་ཉི་མར་རྒྱལ་ཡོངས་ཀྲུང་ལུགས་གསོ་རིག་རྨད་བྱུང་མཛད་རྗེས་ཀྱི་བྱ་དགའ་ཐོབ།(图3)


གོང་ངོས།:མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་སྨན་ལུམས་ཚན་ཁག་གི་ནད་པ་གསོ་བཅོས་བྱེད་འགོ་རྩོམ་པའི་བརྡ་ཐོ།

འོག་ངོས།:མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གིས་སྤྱི་ཚོགས་ཡོངས་ལ་དམིགས་ནས་པྲོག་དབྱིབས་ནད་དུག་ཉིང་སྐྱུར་བརྟག་འགོ་ཚུགས

健康
热线

0971-8200897
7*24小时健康热线

关注
微信

关注公众号
顶部