中文版 | 藏文版
མིག་སྔ་འི་སྡོད་གནས། - > མདུན་ངོས། > དུས་ཐོག་གསར་འགྱུར། > སྨན་ཁང་གསར་འགྱུར།

དཀའ་བཅུ་སྨན་པ་ཚད་ལྡན་གསོ་སྐྱོང་མུ་འབྲེལ་འཆད་ཁྲིད།


ཟླ་ཚེས:2021-12-13 13:06:52  བརྡབས་གྲངས།:  གཏོགས་ཡུལ:སྨན་ཁང་གསར་འགྱུར།

སྤྱི་ལོ༢༠༢༡ལོའི་ཟླ་༡༢པའི་ཚེས་༧ཉིན་གྱི་ཕྱི་དྲོར།ནད་ཐོག་སློབ་སྟོན་ཁང་གིས་མཆིན་མཁྲིས་ཚན་ཁག་གི་ཀྲུའུ་རིན་ལྷ་མཁར་རྒྱལ་ལགས་གདན་དྲངས་ཏེ་མཚོ་སྔོན་ཞིང་ཆེན་བོད་ལུགས་དཀའ་བཅུ་སྨན་པ་ཚད་ལྡན་གསོ་སྐྱོང་གནས་གཞིའི་དཔེ་ཀློག་ཁང་གི་མུ་འབྲེལ་འཆད་ཁྲིད་སྐབས་དྲུག་པ་དུས་ལྟར་སྤེལ།རྒན་ལགས་ཀྱིས་ནད་ཐོག་བསམ་གཞིག་བྱེད་སྟངས་བརྗོད་གཞིར་བྱས་ཏེ་བོད་ཀྱི་རིག་གནས་ཆེ་ཆུང་བཅུ་བོ་གང་རུང་ཞིག་ཐོག་མར་སྦྱང་བར་རྩོམ་པའི་དུས་སུ་ཐོས་བསམ་སྒོམ་གསུམ་ལག་ལེན་བྱ་རྒྱུ་གལ་ཆེ་བའི་ཚུལ་ལས་བློས་བསླངས་ཏེ།བརྗོད་གཞིར་དངོས་སུ་ཞུགས་མགོ་བརྩམས།སློབ་ཁྲིད་སྐབས་སུ་རྒན་ལགས་ཀྱིས་ནད་ཐོག་བསམ་གཞིག་ནི་གསར་བྱུང་གི་རིག་ཚན་ཞིག་ཡིན་པ་དང་དེ་དང་འབྲེལ་ནས་དེའི་ངེས་ཚིག་དང་ངོ་བོ།རྩ་དོན།ཐབས་ལམ་སོགས་ཁ་གསལ་གོ་བདེའི་ལམ་ནས་སློབ་ཁྲིད་གནང་ལ།དེ་ཡང་ཆོས་རྒྱལ་སྲོང་བཙན་སྒམ་པོས།ལུགས་ཆེན་གསུམ་པའི་ཚུལ་དག་མ་རྟོགས་ན།སྨན་པའི་གྲས་སུ་མི་འགྲོ་སྟེ་ཞེས་པ་ལུང་དྲངས་ནས་སྲ་བརྟན་གྱི་གཞུང་ལུགས་ཤེས་བྱ་དང་ཕུན་སུམ་ཚོགས་པའི་ཉམས་མྱོང་ཡོད་པའི་རྩ་བའི་ཆ་རྐྱེན་གྱི་སྟེང་ནས་མཐུན་རྐྱེན་ཕུན་སུམ་ཚོགས་པ་ཚང་དགོས་པ།ད་དུང་ནད་པའི་གནས་ཚུལ་བསྡུ་རུབ།དབྱེ་ཞིབ།སྒྲུབ་བྱ་འཁོད་པ་སོགས་ཀྱི་གོ་རིམ་ངེས་ཅན་ལྡན་དགོས་པའི་ཚུལ།གཞན་ནད་ཐོག་དང་འབྲེལ་ནས་པྲོག་གསར་གློ་ཚད་དང་མཆིན་ཚད།མཁྲིས་པ་ཤ་སེར་མིག་སེར་སོགས་ཀྱི་ནད་གཞི་དཔེ་མཚོན་བྱས་ནས་ཅི་ལྟར་ནད་ཐོག་བསམ་གཞིགས་བྱེད་དགོས་པའི་ཚུལ་གསལ་སྟོན་བྱས་པའོ།།

དཀའ་བཅུ་སྨན་པ་ཚད་ལྡན་གསོ་སྐྱོང་མུ་འབྲེལ་འཆད་ཁྲིད།(图1)

མཇུག་མཐར་རྒན་ལགས་ཀྱིས་རང་རེའི་གསོ་རིག་འདི་ནི་གཞན་རྗེས་སུ་འཛིན་པའི་རིག་གནས་ཞིག་ཡིན་པས་ན།ལས་འདི་ལ་འབད་པ་བྱ་དགོས་པ་གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་གྱིས་བརྗོད་ལ།ཐེངས་འདིའི་འཆད་ཁྲིད་བརྒྱུད་སློབ་གྲོགས་ཡོངས་ཀྱིས་ནད་ཐོག་ལག་ལེན་གྱི་བསམ་གཞིགས་བྱེད་སྟངས་ཐད་སྔོན་མེད་ཀྱི་ངེས་ཤེས་ཟབ་མོ་སྦྱིན་པ་དང་རྗེས་ཕྱོགས་དོན་དང་མཐུན་པའི་སྨན་པ་ཞིག་བྱེད་རྒྱུའི་སྐོར་ལའང་བསམ་གཞིགས་དང་བློ་བསྐྱེད་མི་དམན་པ་ཐོབ།

གོང་ངོས།:༼གསོ་བ་རིག་པ།——ལུམས་ཀྱི་རྣམ་གཞག༽པར་དུ་བསྐྲུན་པའི་འཕྲིན་བཟང་།

འོག་ངོས།:༼དཔག་བསམ་ཤིང་གི་ལོ་མ།—རྩ་བ་གསུམ་ལ་དྲིལ་བའི་སྡོང་བོ་དགུ།༽པར་དུ་བསྐྲུན་པའི་འཕྲིན་བཟང་།

健康
热线

0971-8200897
7*24小时健康热线

关注
微信

关注公众号
顶部