中文版 | 藏文版
མིག་སྔ་འི་སྡོད་གནས། - > མདུན་ངོས། > དུས་ཐོག་གསར་འགྱུར། > སྨན་ཁང་གསར་འགྱུར།

༼ཙོང་ཁ་བོད་གསོ་རིག་གི་གླེང་སྟེགས་སྐབས་དང་པོ།༽


ཟླ་ཚེས:2022-07-13 16:44:21  བརྡབས་གྲངས།:  གཏོགས་ཡུལ:སྨན་ཁང་གསར་འགྱུར།






༄༅། །ཙོང་ཁ་བོད་གསོ་རིག་གི་གླེང་སྟེགས་སྐབས་དང་པོ་མཚོ་སྔོན་ཞིང་ཆེན་བོད་ལུགས་སྨན་ཁང་དུ་བདེ་ལེགས་ངང་མཇུག་སྒྲིལ།






ཙོང་ཁ་བོད་གསོ་རིག་གི་གླེང་སྟེགས་སྐབས་དང་པོ་ཕྱི་ལོ༢༠༢༢ ལོའི་ཟླ༧པའི་ཚེས༧ནས༨བར་མཚོ་སྔོན་ཞིང་ཆེན་བོད་ལུགས་སྨན་ཁང་དུ་གཟབ་རྒྱས་ངང་སྤེལ།

སྨན་སྤྱི་གཞོན་པ་པདྨ་རབ་བརྟན་ལགས་ནས་ཚོགས་འདུར་དབུ་འཛིན་བྱས།  གླེང་སྟེགས་ཚོགས་འདུའི་རྣམ་པ་ཡུལ་དངོས་དང་དྲ་ལམ་བརྙན་མང་ཉིས་སྡེབ་ཀྱིས་སྤེལ།  སྨན་སྤྱི་ཆེ་མོ་ཀླུ་བྱམས་རྒྱལ་ལགས་གྱིས་ཚོགས་འདུར་ཤིས་ཚིག་ཕུལ་བར་མ་ཟད་བོད་ལུགས་སྨན་ཁང་གི་འདས་མ་ད་གསུམ་འཕེལ་རྒྱས་གནས་ཚུལ་དང་སྦྱར་ནས་མཚོ་སྔོན་བོད་ཀྱི་གསོ་བ་རིག་པའི་ད་ལྟའི་གནས་བབ་དང་མ་འོངས་འཕེལ་ཕྱོགས་ཐད་ལ་གསུང་བཤད་གལ་ཆེན་གནང་ཞིང་ལྷག་པར་ཏུ་འདི་ལྟ་བུ་རིག་གཞུང་འཆད་ཁྲིད་བྱ་འགུལ་སྤེལ་བ་ནི་སྨན་ཁང་ཞིག་གི་སྨན་བཅོས་ལས་དོན་ལ་ཕན་ཞིང་རྔོ་ཐོགས་པའི་བྱ་འགུལ་གལ་ཆེན་ཞིག་ཡིན་ཏེ་རིག་གཞུང་གིས་ནད་ཐོག་ལ་ཁྲིད་སྟོན་བྱེད་ཐུབ་པའི་དགོས་ཆེད་ཡོད་པ་ནན་གྱིས་གསུངས།

ཚོགས་འདུར་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གཙོས་མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་དང་མཚོ་སྔོན་བོད་ཀྱི་གསོ་རིག་ཞིབ་འཇུག་གླིང་སོགས་ལས་སྨན་པ་རྒན་གྲས་དང་དགེ་རྒན་ཆེ་མོ། གསོ་རིག་ཞིབ་འཇུག་པ་བཅས་འདུས་པའི་གསོ་རིག་མཁས་དབང་སྐོར་ཞིག་ཆེད་དུ་འཆད་སྟེགས་སུ་གདན་འདྲེན་ཞུས་ཏེ་སྨན་རྫས་འདུལ་སྦྱོང་དང་།  རྩ་ཆུའི་སྦས་བཤད། ཚ་བའི་རིགས་ལམ། སྨན་ནད་སྤྲོད་ཚུལ། ཚན་རྩལ་ཞིབ་འཇུག གསོ་རིག་རིག་གཞུང་གི་དཔྱད་རྩོམ་འབྲི་ཚུལ་སོགས་སློབ་ཁྲིད་ཀྱི་ནང་དོན་ཆ་ཚང་ལ་འབུར་ཏུ་ཐོན་པ།  ལྷག་པར་ཏུ་ནང་དོན་ཐད་ལ་ནད་ཐོག་དང་ཤིན་ཏུ་ཉེ་བའི་ཁྲིད་ཐབས་ཁྱད་ཆོས་ཡོད་པས་ཞིང་ཆེན་ཡོངས་ཀྱི་བོད་ལུགས་སྨན་ཁང་ཡོངས་དང་ཚོགས་ཞུགས་གསན་བཞེས་གནང་མཁན། དེ་མིན་སྤྱི་ཚོགས་ལས་སྒོ་སོ་སོ་ན་བཞུགས་པའི་ཤེས་ལྡན་མི་སྣ་མང་པོས་གདེང་འཇོག་ཚད་མཐོན་པོ་ཐོབ།

首届“宗喀藏医药大讲堂”于2022年7月7日至8日在青海省藏医院开讲。省中藏医药管理局监察专员李渊海参加活动并讲话,省藏医院院长李先加致辞,副院长万玛拉旦主持活动。大讲堂全程采用线上线下结合的形式,线上由腾讯会议、青海省民族医远程医疗平台会议系统同期直播。

宗喀藏医药

大讲堂

ཙོང་ཁ་བོད་གསོ་རིག་གི་གླེང་སྟེགས།





本次讲堂以进一步推动藏医药事业振兴发展,发挥藏医药在推进健康青海、健康中国建设中的独特作用,贯彻落实青海省中藏医药发展大会精神和《青海省促进中藏医药传承创新发展实施方案》要求为主题展开,旨在按照“设计有序、内容完善、突出实效”的要求,组织全省优秀的藏医药师资力量,搭建藏医药健康文化服务平台,深入推进宗喀地区藏医药事业高质量发展。

省藏医院院长李先加致辞,对莅临大讲堂系列讲座的专家表达了热烈的欢迎和诚挚的感谢。省中藏医药管理局监察专员李渊海讲话,他指出:中藏医药大讲堂已成为全省各地推进中藏医药事业发展的一项新举措,也是传承创新中藏医药文化的一张新名片,取得了较好的效果。要求医院各级部门要高度重视和充分认识藏医药大讲堂工作的重要性,进一步解放思想,转变观念,提高组织领导力,强化执行力,增强团队凝聚力,加强重点专科、特色科室建设,提高群众对藏医药的认可度。要求医院要加强精细化管理,落实绩效考核制度,全面学习掌握中医药发展相关政策法规,以政策方针为指引,理清发展思路,找准目标定位,明确发展方向,采取突破性举措,促进藏医药事业快速、优质发展。同时,强调各级线上线下参与大讲堂的学员要遵守纪律,认真听讲,力争通过藏医药大讲堂活动推广普及藏医药健康知识,营造人人追求健康、学习健康的知识氛围,争取学有所获、学有所成。













此次大讲堂邀请了青海大学藏医学院、青海省藏医药研究院、青海省藏医院等教学、科研、临床领域优秀的教授、主任医师为授课嘉宾。讲座内容涵盖了藏医药理论、临床实践、学术成果转化等方面,各环节丝丝相扣,内容深入浅出,线上线下与会人员精神饱满、热情互动。





省藏医院将牢记习近平总书记强调的“为中华人民谋幸福,为中华民族谋复兴”的初心与使命。持续举办宗喀藏医药大讲堂系列学术交流活动,希冀广大藏医药学子努力学习藏医药知识,以精湛医术为人民群众办实事,让藏医药发展成果惠及广大人民群众。

རྩོམ་ཞུས།     པདྨ་རབ་བརྟན།

审 核:  万玛拉旦

རྩོམ་ཁུངས།   སྨན་དོན་ཚན་ཁག

供 稿:  医务处

རྩོམ་སྒྲིག     དྲིལ་སྒྲོག་འཐབ་གཅིག་ཚན་ཁག རིག་འཛིན་སྐྱིད།

编 辑: 宣传统战科(仁增吉)



གོང་ངོས།:མཚོ་སྔོན་ཞིང་ཆེན་བོད་ལུགས་སྨན་ཁང་གི་སྨན་ངོ་ངོས་འཛིན།

འོག་ངོས།:རང་གཞན་སྲུང་བ་གུད་དུ་བསྟན།

健康
热线

0971-8200897
7*24小时健康热线

关注
微信

关注公众号
顶部