中文版 | 藏文版
མིག་སྔ་འི་སྡོད་གནས། - > མདུན་ངོས། > དུས་ཐོག་གསར་འགྱུར། > སྨན་ཁང་གསར་འགྱུར།

དུས་རྒྱུན་གྱི་གཙང་སྦྲར་དོ་སྣང་ལེགས་པོ་བྱེད་དགོས།


ཟླ་ཚེས:2022-08-25 16:57:16  བརྡབས་གྲངས།:  གཏོགས་ཡུལ:སྨན་ཁང་གསར་འགྱུར།
པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་རྗེས་སུ། མི་སུ་དང་སུ་ཞིག་ཡིན་རུང་སྒེར་གྱི་གཙང་སྦྲར་དོ་སྣང་ཆེན་པོ་བྱེད་ཀྱིན་འདུག སྒོར་འགྲོ་སྐབས་ཁ་ཐུམ་རྒྱག་པ་དང་རྒྱུན་དུ་ལག་པ་བཀྲུ་བ་སོགས་བལྟས་ཚོད་ཀྱིས་སྔོན་ཆད་ལས་ལྷག་ཏུ་གཙང་སྦྲར་དོ་སྣང་བྱེད་ཀྱིན་པ་འདྲ་མོད། འོན་ཀྱང་དོན་དངོས་སུ་དེ་འདྲ་ཞིག་གཏན་ནས་མ་རེད།
དོན་དངོས་སུ་བཤད་ན། སྣང་ཚུལ་དེ་འདྲ་ནི་དངོས་ཡོད་འཚོ་བའི་ཁྲོད་དུ་མི་ཉུང་བ་ཞིག་འདུག་པ་སྟེ། མི་ཁ་ཤས་ཀྱིས་ཉིན་གཅིག་ལ་ལག་པ་ཐེངས་མང་པོར་བཀྲུ་མོད།འོན་ཀྱང་ལག་ཁྱེར་ཁ་པར་ལ་ཉིན་གཅིག་གི་རིང་ཐེངས་གཅིག་ལའང་གཙང་སྦྲ་བྱེད་ཀྱིན་མེད། ལག་ཁྱེར་ཁ་པར་བཟུང་ནས་སྤྱོད་ཁང་དུ་བསྡད་རྗེས་ཀྱང་སྔར་བཞིན་གཙང་སྦྲ་མི་བྱེད་པ་རེད། མི་ཁ་ཤས་ཀྱིས་ཉི་མ་རེ་རེར་ཁ་ཐུམ་བརྒྱབ་ཡོད་མོད། འོན་ཀྱང་གཟའ་འཁོར་གཅིག་ལ་ཁ་ཐུམ་མི་བརྗེ་བ་དང་། ཡང་མི་ཁ་ཤས་ཀྱིས་ཆང་བཅུད་སོགས་ཀྱི་དུག་སེལ་དངོས་པོ་ནམ་ཡང་ལུས་སྟེང་དུ་བཟུང་ཡོད་ནའང་། ཁྱིམ་གྱི་མལ་གདན་སོགས་དུས་ཐོག་ཏུ་མི་བརྗེ་བ་རེད། སྐམ་དམག་ཁྱད་ལྡན་གསོ་རིག་ལྟེ་གནས་ནད་རིགས་སྔོན་འགོག་ཚོད་འཛིན་ཚན་ཁག་གི་ཀྲུའུ་རེན་ལིའུ་ཏིང་གིས་བསྟན་དོན། པྲོག་གསར་གློ་ཚད་རིམས་ནད་ཀྱིས་མི་རྣམས་ལ་གཙང་སྦྲའི་གལ་ཆེན་རང་བཞིན་རྟོགས་སུ་བཅུག་པས།དེ་ནི་དོན་དག་བཟང་པོ་ཞིག་རེད་མོད།འོན་ཀྱང་ཤེས་རྟོགས་དེ་ངོ་གདོང་ཙམ་དུ་ལུས་ན།ཕྱི་ཚུལ་ཙམ་ཡིན་པས་དོན་སྙིང་ཆེན་པོ་མི་འདུག དེས་བདེ་ཐང་ལ་ཕན་པ་མི་འབྱུང་བར་མ་ཟད་རང་གིས་རང་ལ་མགོ་སྐོར་བཏང་བ་དང་འདྲའོ།། སྦྱོར་བའི་སྟེང་ནས་དངོས་གནས་བསྒྱུར་ན།ད་གཟོད་ནད་འབུ་མང་པོ་གང་སར་ཁྱབ་པ་འགོག་ཐུབ།

གཅིག གཙང་སྦྲའི་གོམས་གཤིས་ལེགས་པོ་ཆགས་སུ་འཇུག་པ། གཙང་སྦྲ་བྱེད་པ་ནི་སྟོང་གཏམ་ཞིག་མིན་ལ། ངོ་གདོང་ཙམ་གྱི་བྱ་བ་ཞིག་ཀྱང་མིན། གཙང་སྦྲའི་གོམས་གཤིས་ལེགས་པོ་ཆགས་པར་བྱས་ཏེ། རང་ཉིད་བདེ་ཐང་ཡོང་བར་ཕན་པ་བཟོ་བ་ལས། གཞན་ལ་བལྟ་རུ་འཇུག་པའི་ཆེད་མིན་པ་དང་། རིམས་ནད་ལ་ཁ་གཏད་འཇལ་བའི་ཆེད་དེ་བས་ཀྱང་མིན་པས། གཙང་སྦྲའི་གོམས་གཤིས་ལེགས་པོ་ཆགས་སུ་འཇུག་རྒྱུ་ནི་འཚོ་བའི་ཆ་ཤས་ཤིག་ཏུ་གྲུབ་པར་བྱེད་དགོས། དེ་ལྟར་བྱས་ན་ད་གཟོད་འཚོ་བར་དངོས་གནས་འགྱུར་ལྡོག་འབྱུང་བ་དང་བདེ་ཐང་གི་གནས་བབ་ལེགས་སྒྱུར་བྱེད་ཐུབ།

གཉིས། དུས་བཅད་ལྟར་ཁང་པའི་ནང་དུ་གཙང་སྦྲ་བྱེད་པ། མི་སྒེར་གྱི་བདེ་ཐང་ལ་དོ་སྣང་བྱེད་པ་ལས་གཞན་ད་རུང་ཁང་པའི་ནང་གི་གཙང་སྦྲར་དོ་སྣང་བྱེད་རྒྱུའང་ཧ་ཅང་གལ་ཆེན་རེད། དུས་རྒྱུན་འཚོ་བ་རོལ་སའི་ཁང་པའི་ནང་དུ་གཙང་མ་མིན་པའི་གནས་མང་པོ་འདུག དཔེར་ན་མལ་ཁྲིའི་འོག་དང་ཆ་སྒམ་གྱི་བར་གསེང་། བརླན་ཤས་ཆེ་བའི་ཆུ་རགས་སོགས་ལྟ་བུ་དང་། ཐ་ན་དུས་ཡུན་རིང་པོར་མི་བརྗེ་བའི་མལ་གདན་གྱི་སྟེང་དུའང་ནད་འབུ་ལ་སོགས་འབྱུང་ངེས་པས་བདེ་ཐང་ལ་གནོད་པ་ཆེན་པོ་ཡོད། དེ་བས་ངེས་པར་དུ་དུས་བཅད་ལྟར་གཙང་སྦྲ་བྱས་ཏེ། འཚོ་སྡོད་ཀྱི་ཁོར་ཡུག་གཙང་མ་ཞིག་རྒྱུན་སྲུང་བྱེད་དགོས།

གསུམ། སྤྱི་པའི་གཙང་སྦྲའི་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས། ནད་འབུ་འགོས་ཁྱབ་ཇེ་ཉུང་དུ་གཏོང་དགོས་ན། རང་ཉིད་ཀྱི་གཙང་སྦྲ་ཁོ་ནར་དོ་སྣང་བྱས་པས་ག་ལ་ཆོག གལ་ཏེ་མི་རྣམས་ཀྱིས་མི་མང་འདུ་སར་གད་སྙིགས་འཕེན་པ་དང་། མི་གཞན་ལ་གཏད་དེ་གློ་ལུ་དང་ཧབ་སྦྲིད་རྒྱག་པ་སོགས་བྱས་ན། ལག་པ་རྒྱུན་དུ་བཀྲུས་ནས་ཁ་ཐུམ་བརྒྱབ་རུང་། ནད་འབུ་འགོག་མི་ཐུབ་པ་རེད། གློ་ལུ་བའི་གུས་ལུགས་གོམས་པར་བྱས་ནས།གློ་ལུ་བ་དང་ཧབ་སྦྲིད་རྒྱག་པའི་སྐབས་སུ་གཙང་ཤོག་གིས་ཁ་བཏུམ་ནས་མཆིལ་ཟེགས་གང་སར་མཆེད་དུ་མི་འཇུག་པ་དང་། ལུད་པ་གང་སར་མི་འཕེན་པར། སྤྱི་པའི་གཙང་སྦྲར་དོ་སྣང་ལེགས་པོ་བྱེད་དགོས་སོ། །

རྩོམ་ཞུས།     པདྨ་རབ་བརྟན།

审 核:  万玛拉旦

རྩོམ་ཁུངས།  མཚོ་སྔོན་བོད་ཡིག་གསར་འགྱུར།

来 源: 青海藏文报

རྩོམ་སྒྲིག     དྲིལ་སྒྲོག་འཐབ་གཅིག་ཚན་ཁག རིག་འཛིན་སྐྱིད།

编 辑: 宣传统战科(仁增吉)



གོང་ངོས།:རང་གཞན་སྲུང་བ་གུད་དུ་བསྟན།

འོག་ངོས།:སངས་རྒྱས་སྨན་བླའི་དུས་ཆེན་ལ་རྟེན་འབྲེལ་ཞུ།

健康
热线

0971-8200897
7*24小时健康热线

关注
微信

关注公众号
顶部