中文版 | 藏文版
མིག་སྔ་འི་སྡོད་གནས། - > མདུན་ངོས། > དུས་ཐོག་གསར་འགྱུར། > སྨན་ཁང་གསར་འགྱུར།

པྲོག་གསར་གློ་ཚད་དང་། ཆམ་རིམས། ཆམ་པ་བཅས་ཀྱི་ཁྱད་པར།


ཟླ་ཚེས:2022-05-18 17:22:45  བརྡབས་གྲངས།:  གཏོགས་ཡུལ:སྨན་ཁང་གསར་འགྱུར།

ཆམ་རིམས་དང་། སྤྱིར་བཏང་གི་ཆམ་པ། པྲོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་དབར་དབྱེ་བ་འབྱེད་པར་གཙོ་བོ་གཤམ་གྱི་ཕྱོགས་བཞིའི་ཐད་ལ་ལྟ་དགོས་པ་སྟེ། 
    ཆམ་པ་ནི་དགུན་དུས་མང་པོ་ཐོན་པའི་རྒྱུན་མཐོང་ནད་གཞི་ཞིག་ཡིན་པ་ཚང་མས་ཤེས་ཀྱི་ཡོད།  འོན་ཀྱང་ནད་དེ་གསུམ་གྱི་ངོས་ནས་བརྗོད་ན། 

    དང་པོ། ནད་ཀྱི་འབྱུང་རྩ་གཅིག་པ་མིན།  ཆམ་རིམས་ནི་སྤྱིར་བཏང་གི་ཆམ་པ་མ་ཡིན་པར། དེ་ནི་དབུགས་ལམ་གྱི་འགོ་ནད་ཅིག་དང་ཆམ་རིམས་ཀྱི་ནད་དུག་ལས་བྱུང་བ་ཞིག་རེད།   སྤྱིར་བཏང་གི་ཆམ་པའི་ངོས་ནས་བརྗོད་ན།  ལོ་ཧྲིལ་པོའི་དུས་ཚིགས་བཞི་ཀར་ཕོག་གི་ཡོད། ཡིན་ནའང་།  དེ་ནི་འགོ་ནད་མ་ཡིན་པར་རྒྱུན་གཏན་གྱི་ནད་ཅིག་ཡིན་པ་དེ་གཙོ་བོ་རྒྱུན་གཏན་གྱི་དབུགས་ལམ་ནད་དུག་ལས་བྱུང་བ་ཞིག་རེད། པྲོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་ནི་འགོ་ནད་ཅིག་རེད།
    གཉིས་པ། ན་ཚ་དེ་གསུམ་ན་བའི་དུས་ཚོད་གཅིག་པ་མིན། ཆམ་པ་ནི་ལོ་ཧྲིལ་པོར་ཕོག་སྲིད་པ་དང་དུས་ཚིགས་ཀྱི་རང་བཞིན་མངོན་གསལ་དོད་པོ་མེད། ཆམ་རིམས་ནི་ལོ་ཧྲིལ་པོར་ཐོན་གྱི་ཡོད་ཀྱང་། མང་པོ་ཐོན་པའི་དུས་ཚིགས་ནི་གཙོ་བོ་དགུན་ཁ་དང་དཔྱིད་ཀ་རེད། པྲོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་ནི2019ལོའི་ལོ་མཇུག་གི་དགུན་དུས་སུ་ཐོན་པའི་ནད་ཡམས་ཤིག་རེད། 
    གསུམ་པ། ན་ཚ་དེ་གསུམ་གྱི་ནད་རྟགས་གཅིག་པ་མིན། ཆམ་པ་ནི་མི་མང་ཆེ་བར་ཕོག་གི་ཡོད་པས་སྣ་ཁུང་འགག་པ་དང་། སྣ་ཆུ་ཐོན་པ། ཧབ་སྦྲིད་རྒྱག་པ་བཅས་ཀྱི་ནད་རྟགས་ཐོན་ཀྱི་ཡོད་ལ། སྐབས་འགར་ཚ་བ་ཡང་རྒྱས་སྲིད། འོན་ཀྱང་ཚ་བ་དམའ་བ་དང་འབྲིང་བ་རྒྱས་པ་དང་དུས་ཡུན་ཉིན1ནས3བར་ཡིན་ཞིང་། ཉིན3ནས5བར་སྤྱིར་ན་རང་བཞིན་དུ་དྲག་སྐྱེད་ཡོང་གི་ཡོད། ཆམ་པ་ལ་ལུས་པོ་ཡོངས་ཀྱི་ཤ་གནད་ལ་ན་ཟུག་གཏོང་བའམ་ཡང་ན་གཟུགས་པོ་ཡོངས་ལ་ཤུགས་མེད་པའི་ནད་རྟགས་ཐོན་པ་ཉུང་ཉུང་རེད། ཆམ་རིམས་ལ་ཚ་བ་མངོན་གསལ་དོད་པོ་རྒྱས་པ་མ་ཟད། ཚ་བ་མཐོ་པོ་རྒྱས་པ་དང་ཚ་བ་རྒྱས་པའི་དུས་ཡུན་ཅུང་རིང་པོ་ཡོད་དེ། སྤྱིར་བཏང་ཉིན3ནས5བར་རེད། འོན་ཀྱང་། གཟའ་འཁོར་གཅིག་གི་གཡས་གཡོན་དུ་རང་བཞིན་དུ་དྲག་སྐྱེད་ཡོང་གི་ཡོད། ཆམ་རིམས་ལ་ལུས་པོ་ཡོངས་ནས་ནད་རྟགས་ཐོན་པ་དཔེར་ན། ལུས་པོའི་ཤ་གནད་ལ་ན་ཟུག་གཏོང་བ་དང་། གཟུགས་པོར་ཤུགས་མེད་པ། མགོ་ན་བ་སོགས་ཀྱི་ནད་རྟགས་ཐོན་གྱི་ཡོད། 

    བཞི་པ། དེ་གསུམ་གྱི་ཚབས་ཆེ་ཆུང་དང་འགོ་སླ་བའི་མི་ཚོགས་གཅིག་པ་མིན། ཆམ་པ་ནི་མི་རྒན་གཞོན་ཚང་མར་འགོ་སླ་པོ་ཡོད་པ་དང་། མཉམ་དུ་ནད་གཞན་མི་ན་བས་ཚབས་ཆེན་པོ་དེ་ཙམ་མེད།  ཆམ་རིམས་ཀྱི་ངོས་ནས་བཤད་ན། མ་གཞི་མི་རྒན་གཞོན་ཚང་མར་འགོ་སླ་ཡང་ཉེན་ཚབས་ཆེ་བའི་ཆམ་རིམས་ཁག་གཅིག་ནི་ཕོག་ཉེན་ཆེ་བའི་མི་ཚོགས་དཔེར་ན། ལོ5ལས་ཆུང་བའི་བྱིས་པ་དང་ལྷག་པར་དུ་ལོ2ལས་ཆུང་བའི་བྱིས་པ་དང་། ལོ65དང་དེ་ལས་ཆེ་བ། ལོ65ཡོལ་བའི་རྒན་རྒོན། དེ་བཞིན་རྒྱགས་པ་དང་། སྦྲུམ་མ། གཅོང་ནད་ཡོད་པའི་ནད་པ་བཅས་ཚང་མ་ཆམ་རིམས་ཕོག་ཉེན་ཆེ་བའི་མི་ཚོགས་ཡིན་པ་མ་ཟད། ཆམ་རིམས་ཀྱིས་དབང་པོ་གཞན་གྱི་ནད་སློང་གི་ཡོད་པས། འཆི་བའི་གནས་ཚུལ་ཡང་ཐོན་གྱི་ཡོད། པྲོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་མི་ཕལ་ཆེ་བར་འགོ་སླ་པོ་ཡོད། མིག་སྔ་ནས་བལྟས་ན། དམར་འབྱར་དང་བྱིས་པར་ཕོག་སླ་བ་དང་། རྒན་རྒོན་དང་གཅོང་ནད་ཡོད་པའི་ནད་པར་ཕོག་ན། དེ་བས་ཚབས་ཆེ་ཞིང་ཐ་ན་འཆི་ཡང་སྲིད།   

རྩོམ་ཞུས།    པདྨ་རབ་བརྟན།

审 核:  万玛拉旦

རྩོམ་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།

来 源:  西藏日报

རྩོམ་སྒྲིག     དྲིལ་སྒྲོག་འཐབ་གཅིག་ཚན་ཁག རིག་འཛིན་སྐྱིད།

编 辑: 宣传统战科(仁增吉)


གོང་ངོས།:སངས་རྒྱས་སྨན་བླའི་དུས་ཆེན་ལ་རྟེན་འབྲེལ་ཞུ།

འོག་ངོས།:རིམས་འགོག་སེམས་ཁམས་ལ་རྒོལ་ནས་སེམས་ཀྱི་བདེ་ཐང་སྲུང་དགོས།

健康
热线

0971-8200897
7*24小时健康热线

关注
微信

关注公众号
顶部