中文版 | 藏文版
མིག་སྔ་འི་སྡོད་གནས། - > མདུན་ངོས། > དུས་ཐོག་གསར་འགྱུར། > སྨན་ཁང་གསར་འགྱུར།

རིམས་ནད་འགོག་སྡོམ་ཐད་ཀྱི་དྲན་སྐུལ། (ཉིང་སྐྱུར་བརྟག་བཤེར)


ཟླ་ཚེས:2022-05-09 16:59:29  བརྡབས་གྲངས།:  གཏོགས་ཡུལ:སྨན་ཁང་གསར་འགྱུར།

-----མིག་སྔར་རིམས་ནད་འགོག་སྡོམ་གྱི་གནས་བབ་སྔར་བཞིན་ཛ་དྲག་ཆེ་ལ་རྙོག་འཛིང་ལྡན་པས། ཚང་མ་སྒོ་ཕྱིར་འགྲོ་ཚད་ཇེ་ཉུང་དུ་གཏོང་རོགས། གནས་ཚུལ་ཁྱད་པར་ཅན་མིན་ཚེ་སྒོར་མི་འགྲོ་བ་དང་། འཚང་ཁ་མི་རྒྱག་པ། འདུ་འཛོམས་མི་བྱེད་པ་བཅས་བྱས་ཏེ། རིམས་ནད་འགོས་མཆེད་ཀྱི་ཉེན་ཁ་ཆུང་དུ་གཏོང་དགོས།
------ཉིང་སྐྱུར་བརྟག་བཤེར་བྱེད་སྐབས་ཀྱིདགོས་པ་བཞིནི། མི་སྒེར་གྱི་འགོག་སྲུང་ལེགས་པོར་བྱེད་ཅིང་གོ་རིམ་ཡོངས་སུ་ཁ་ཐུམ་རྒྱག་དགོས།  བདེ་ཐང་ཨང་བཤེར་དང་འགྲོ་སྐྱོད་ཨང་བཤེར་ལ་བལྟ་ཞིང་། སྨི2ཡན་གྱི་བར་ཐག་བཞག་ནས་གོ་རིམ་ལྡན་པའི་ངང་གྲལ་སྒྲིག་དགོས།  ཚོར་བ་མི་བདེ་བ་བསྲན་ཅི་ཐུབ་བྱས་ནས་སྨན་བཅོས་མི་སྣས་མ་དཔེ་བསྡུ་རུབ་བྱེད་པ་ལ་གཞོགས་འདེགས་བྱེད་དགོས།བཤེར་འཇལ་ཡུལ་དངོས་ལས་མྱུར་ཏུ་གྱེས་ཏེ་ཅི་ནུས་ཀྱིས་འགྲིམ་འགྲུལ་ཡོད་བྱད་བཀོལ་བར་གཡོལ་ཐབས་བྱེད་དགོས།
-------ཉིང་སྐྱུར་བརྟག་བཤེར་བྱེད་སྐབས་ཀྱིབྱེད་མི་རུང་བ་བཞིནི།  སྒུག་ས་རུ་འཚང་ཁ་མི་རྒྱག་པ་དང་འདུ་འཛོམས་བྱེད་མི་རུང་། གང་འདོད་དུ་ཡུལ་དངོས་ཀྱི་དཔེ་བསྡུའི་མི་སྣ་དང་དངོས་པོར་ཐུག་རེག་བྱེད་མི་རུང་། ལག་པས་ཁ་ཐུམ་གྱི་ཕྱི་ངོས་སུ་ཐུག་རེག་བྱེད་མི་རུང་། ཁ་ཆུ་དང་ཁ་ཐུམ་རྙིང་བ་གང་སར་འཕེན་མི་རུང་།
-------ཉིང་སྐྱུར་བཤེར་འཇལ་མ་བྱས་གོང་། སྔ་མོ་ནས་ཨང་རིས་བཤེར་ནས་ཆ་འཕྲིན་ཐོ་འགོད་བྱེད་དགོས་པ་དང་། ཐོ་འགོད་བྱེད་དུས་ངེས་པར་དུ་རང་ཉིད་ཀྱི་ཆ་འཕྲིན་ཡང་དག་པ་འགོད་དགོས་ལ། སྒེར་གྱི་ཐོ་འགོད་ཨང་རིས་གྲུབ་རྗེས་མྱུར་ཏུ་ངོ་དྲས་འདྲ་པར་དུ་བཏབ་ནས་ཉར་ཚགས་བྱེད་དགོས། རིག་ནུས་ཁ་པར་མེད་པའི་རྒན་པ་དང་ནར་མ་སོན་པའི་བྱིས་པ་ལ་ཁྱིམ་མིས་འགྲོ་རོགས་བྱས་ནས། ཁྱིམ་མིའི་ཁ་པར་དུ་སྒེར་གྱི་ཨང་རིས་ཐོ་འགོད་བྱེད་ཆོག
-----ཉིང་སྐྱུར་བཤེར་འཇལ་མ་བྱས་པའི་སྔོན་གྱི་དུས་ཚོད་གཉིས་ཀྱི་རིང་དུ་རབ་ཡིན་ན་ཟ་མ་མི་བཟའ་བ་དང་། སྐར་མ30ཡི་སྔོན་ལ་ཆུ་མི་འཐུང་བ་དང་ཆང་མི་འཐུང་བ།ཁ་གཙང་ཐང་ཆུ་མི་བལྡད་པར། བཤེར་འཇལ་བྱེད་དུས་སྐྱུགས་པ་དང་ཞེ་མེར་བ་སོགས་ཀྱི་སྣང་ཚུལ་འབྱུང་བར་སྔོན་འགོག་བྱེད་དགོས།
----ཉིང་སྐྱུར་བརྟག་བཤེར་བྱེད་སྐབས། སྔོན་ལ་མི་སྒེར་གྱི་ཐོ་འགོད་རྩ་གཉིས་ཨང་རིས་སྟོན་དགོས་པ་དང་། གོ་རིམ་ཡོངས་སུ་ཁ་ཐུམ་རྒྱག་དགོས་ལ།མི་སྒེར་གྱི་འགོག་སྲུང་ལེགས་པོར་བྱེད་པ་དང་། གོ་རིམ་ལྡན་པའི་སྒོ་ནས་གྲལ་སྒྲིག་དགོས།གཞན་པ་དང་སྨི་གཉིས་ཡན་གྱི་བར་ཐག་འཇོག་དགོས་ཤིང་། འདུ་འཛོམས་བྱེད་པར་སྔོན་འགོག་དང་།མི་གཞན་དང་ཁ་བརྡ་བྱེད་མི་རུང་།
------ཉིང་སྐྱུར་བརྟག་བཤེར་བྱེད་པའི་བརྒྱུད་རིམ་ཁྲོད་དུ་བརྟག་དཔྱད་སྟེགས་བུའི་སྟེང་གི་དངོས་པོ་ལ་མི་རེག་པ་དང་། ལག་ཁྱེར་ཁ་པར་དང་ཐོབ་ཐང་ལག་ཁྱེར། སྡེ་མིག་སོགས་མི་སྒེར་གྱི་དངོས་པོ་དེའི་སྟེང་དུ་འཇོག་མི་རུང་། སྣ་ཁུང་དུ་བལྟ་བ་དང་མིད་ཐག་ཏུ་བལྟ་བ་གང་ཞིག་ཡིན་རུང་། སྨན་བཅོས་མི་སྣའི་བླང་བྱ་ལྟར་བརཤེར་འཇལ་བྱེད་པ་དང་། སྣོལ་མའི་འགོས་ཁྱབ་འབྱུང་བར་སྔོན་འགོག་བྱེད་དགོས།
------རང་རྟོགས་ཀྱིས་བཤེར་འཇལ་ས་ཚིགས་སོ་སོའི་ལས་བྱེད་མི་སྣའི་བཀོད་སྒྲིག་བརྩི་སྲུང་བྱེད་དགོས་ཤིང་། བཀོད་འདོམས་ལ་ཉན་པ་དང་། ཆ་འཕྲིན་ཐོ་འགོད་དང་མ་དཔེ་བསྡུ་ལེན་བྱེད་པའི་བྱ་བར་གཞོགས་འདེགས་ལེགས་པོ་བྱེད་དགོས།བརྟག་དཔྱད་མཇུག་འབྲས་མ་ཐོན་གོང་དུ་རང་རྟོགས་ཀྱིས་འཚང་ཁ་མི་རྒྱག་པ་དང་འདུ་འཛོམས་མི་བྱེད་པ། རུ་ཉུལ་ལ་མི་འགྲོ་བ་བཅས་བྱེད་དགོས། །

རྩོམ་ཞུས།    པདྨ་རབ་བརྟན།

审 核:  万玛拉旦

རྩོམ་ཁུངས།  མཚོ་སྔོན་བོད་ཡིག་གསར་འགྱུར།

供 稿:  青海藏文报

རྩོམ་སྒྲིག     དྲིལ་སྒྲོག་འཐབ་གཅིག་ཚན་ཁག རིག་འཛིན་སྐྱིད།

编 辑: 宣传统战科(仁增吉)


གོང་ངོས།:རིམས་ནད་སྐབས་སུ་ཕྱི་རུ་སྨན་པར་སྟོན་དུས་མཉམ་འཇོག་དགོས་ས།

འོག་ངོས།:མཁར་དབུས་མཁར་ནུབ་མཁར་བྱང་གསུམ་གྱི་བཤེར་འབྲས་སྲིབ་གཤིས་རེད།

健康
热线

0971-8200897
7*24小时健康热线

关注
微信

关注公众号
顶部