中文版 | 藏文版
མིག་སྔ་འི་སྡོད་གནས། - > མདུན་ངོས། > དུས་ཐོག་གསར་འགྱུར། > སྨན་ཁང་གསར་འགྱུར།

གཞི་རིམ་ནས་ངེད་སྨན་ཁང་དུ་སྡོད་བཅོས་བྱེད་དུ་ཡོང་བའི་གསལ་འདེབས།


ཟླ་ཚེས:2022-10-22 11:36:50  བརྡབས་གྲངས།:  གཏོགས་ཡུལ:སྨན་ཁང་གསར་འགྱུར།


རིམས་ནད་འགོག་སྡོམ་སྐབས་སུ་གཞི་རིམ་ནས་མཚོ་སྔོན་ཞིང་ཆེན་བོད་ལུགས་སྨན་ཁང་དུ་སྡོད་བཅོས་བྱེད་པར་གཤམ་གྱི་འགྲོ་ལུགས་དག་སྒྲུབ་དགོས།

   གཅིག  རང་གི་ས་གནས་སྡེ་ཁུལ(社区)ནས་ཞིང་ཆེན་བོད་ལུགས་སྨན་ཁང་དུ་སྡོད་བཅོས་བྱེད་དུ་འགྲོ་བའི་བདེན་དཔང་ཡི་གེ་ལེན་དགོས་པ་དང་། ༼ཡིད་རྟོན་མཚོ་སྔོན༽་ (信用青海)མ་ལག་སྟེང་༼ མཚོ་སྔོན་ལ་ཡོང་མཁན་དང་ལོག་མཁན་གྱིས་ཡར་ཞུ་༽  (来青返青报备) ཐོ་འགོད་བྱས་རྗེས། ཟི་ལིང་གི་ཧྥིན་ཧྭང་ཡོན་སྡེ་ཁུལ་(凤凰园社区)་ལ་0971—7339935 ཁ་པར་བཏང་ནས་ཐོ་འགོད་སྙན་སེང་ཞུ་དགོས།

 གཉིས། སྡོད་བཅོས་བྱེད་དུ་འོང་བའི་ནད་པ་གལ་སྲིད་ཟི་ལིང་ས་མཚམས་རིམས་སྲུང་འགག་སྒོའི་མཚམས་ནས་བཀག་པ་ཡིན་ན། གོང་གསལ་འགྲོ་ལུགས་སྒྲུབ་ཟིན་པའི་སྟེང་། ངེད་སྨན་ཁང་གི་འབྲེལ་ཡོད་ཚན་ཁག་ལ་ཁ་པར་བཏང་ནས་གནས་ཚུལ་ཞུས་ན། སྨན་ཁང་ངོས་ནས་རླངས་འཁོར་ཆེད་མངགས་ཀྱིས་ས་མཚམས་གང་དེར་ནད་པ་ལེན་དུ་ཡོང་བ་ཡིན། ཡིན་ནའང་། ནད་པ་རེ་ལ་གཉོར་རོགས་གཅིག་ལས་འོང་མི་ཆོག་པ་དང་འབྱོར་བརྟག་བྱེད་དགོས།

  གསུམ།   དུས་ཚོད24རིང་གི་ཉིང་སྐྱུར་བརྟག་འབྲས་སྲིབ་གཤིས་དང་། བདེ་ཐང་ཨང་ཏར། བགྲོད་ལམ་ཨང་ཏར་བསྟན་ནས་སྨན་ཁང་དུ་འདུག་དགོས། དེ་བཞིན་རིམས་བརྟག་དང་ཚ་བརྟག རིམས་ནད་མཆེད་ཚུལ་བརྟག་དཔྱད་སོགས་ལ་རམ་འདེགས་བྱེད་དགོས། 

 བཞི།  སྨན་ཁང་དུ་སྡོད་པའི་སྐབས་སུ། ནད་པར་གཉོར་རོགས་ངེས་པར་དུ་དགོས་པ་མིན་ན་སྨན་ཁང་དུ་མི་ཡོང་བ་དང་། ནད་པ་གཉོར་དུས་ངེས་པར་སྨན་ཁང་གི་སྒྲིག་ལམ་ལྟར་ནང་ནས་འདུག་པ་ལས་ཕྱི་ལ་གང་འདོད་དུ་འགྲོ་བ་སོགས་མི་རུང་ཞིང་། ཉིན་རེ་བཞིན་བདེ་ཐང་བརྟག་བཤེར་བྱེད་དགོས། 

ལྔ།  རིམས་འགོག་གནས་ཚུལ་དང་བསྟུན་ནས་སྡོད་བཅོས་བྱེད་སྟངས་ལ་འགྱུར་བ་བྱུང་ཚེ་ངེད་སྨན་ཁང་གིས་འཕྲིན་སྟེགས་སྟེང་དུས་ལྟར་བརྡ་སྦྱོར་གཏོང་ངེས་ཡིན།

         མཚོ་སྔོན་ཞིང་ཆེན་བོད་ལུགས་སྨན་ཁང་། ༢༢༠༢ལོའི་ཟླ༡༠པའི་ཚེས་༢༡ཉིན།

གོང་ངོས།:ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང་དོན་གྲངས་ལ་བསྡུས་ནས་ངེས་པར་བྱ།

འོག་ངོས།:ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང་དོན་གྲངས་ལ་བསྡུས་ནས་ངེས་པར་བྱ།

健康
热线

0971-8200897
7*24小时健康热线

关注
微信

关注公众号
顶部