中文版 | 藏文版
མིག་སྔ་འི་སྡོད་གནས། - > མདུན་ངོས། > དུས་ཐོག་གསར་འགྱུར།

ཚོང་ར་དང་ཚོང་ཁང་ཆེན་མོ་དག་གིས་རིམས་ནད་འགོག་སྡོམ་བྱེད་ཐབས།


ཟླ་ཚེས:2022-11-25 12:03:58  བརྡབས་གྲངས།:  གཏོགས་ཡུལ:དུས་ཐོག་གསར་འགྱུར།
ཚོང་ར་དང་ཚོང་ཁང་ཆེན་མོ་དག་གིས་རིམས་ནད་འགོག་སྡོམ་བྱེད་ཐབས།

ཚོང་ར་དང་ཚོང་ཁང་ཆེན་མོ་སོགས་ནི་

རིམས་ནད་འགོག་སྡོམ་བྱེད་པའི་གནས་གལ་ཆེན་གྱི་གྲས་ཡིན།

ལས་གཉེར་བྱེད་པའི་གོ་རིམ་ཁྲོད།

ཚོང་ར་དང་ཚོང་ཁང་ཆེན་མོ་དག་གིས་

ཇི་ལྟར་ཚན་རིག་དང་མཐུན་པའི་སྒོ་ནས་

སྔོན་འགོག་ཚོད་འཛིན་ལེགས་པར་བྱེད་པ་ལ། 

ང་ཚོས་མཉམ་དུ་བལྟའོ།


དང་པོ། ཚོང་ར་དང་ཚོང་ཁང་ཆེན་མོ་དག་གིས་ཉིན་རྒྱུན་གྱི་དོ་དམ་ཁྲོད་འགོག་སྲུང་ལེགས་པོ་ཇི་ལྟར་བྱ་དགོས།


 འགན་འཁྲི་གཙོ་བོ་དོན་འཁྱོལ་བྱེད་པ།

ཚོང་རའི་འགན་འཁུར་བ་ནི་རིམས་ནད་འགོག་སྡོམ་གྱི་འགན་འཁུར་བ་དང་པོ་ཡིན་པས། ལས་བཟོ་བའི་ཆ་འཕྲིན་འཚོལ་སྡུད་དང་རྒྱུན་རྣམ་ཅན་གྱི་སྔོན་འགོག་ཚོད་འཛིན། དེ་མིན་རྒྱལ་ཁབ་འཕྲོད་བསྟེན་ཚད་གཞི་དང་སྔོན་འགོག་ཚོད་འཛིན་བྱེད་ཐབས་དངོས་འབེབས་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་ལམ་ལུགས་འཐུས་ཚང་དུ་གཏོང་བ། ཁ་ཐུམ་དང་ལག་ཤུབས། དུག་སེལ་དངོས་རྫས།  དྲོད་ཚད་འཇལ་ཆས་སོགས་རིམས་འགོག་དངོས་རྫས་གྲབས་གསོག་བཟང་པོ་བྱེད་པ། འཕྲལ་བསྟུན་ས་ཁོངས་བཀོད་སྒྲིག་བྱེད་པ་སོགས་ཀྱི་བྱ་བ་ལེགས་པོར་བསྒྲུབ་དགོས།

 བདེ་ཐང་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་པ།

ལས་བཟོ་པའི་བདེ་ཐང་ལྟ་ཞིབ་ཚད་ལེན་ལ་ཤུགས་བསྣན་ནས་ཉིན་ལྟར་ལས་བཟོ་པའི་བདེ་ཐང་གནས་ཚུལ་ཐོ་འགོད་བྱས་ཏེ། ལུས་པོ་མི་བདེ་བའི་ལས་བཟོ་པས་དུས་ཐོག་ཏུ་སྙན་སེང་ཞུ་དགོས་པ་མ་ཟད་སྨན་པར་སྟོན་དགོས་པའི་ལྟ་སྐུལ་བྱ་དགོས།

 འཛུལ་སྒོ་དང་འབུད་སྒོའི་བགྲོད་ལམ་གཏོད་པ།

ཚོང་ར་དང་ཚོང་ཁང་ཆེན་མོ་དག་གི་འཛུལ་སྒོའི་ནང་དུ་བདེ་ཐང་ཨང་བཤེར་གྱི་རི་མོ་སྦྱོར་བ་དང་། ལུས་དྲོད་འཇལ་ཆས་མང་པོ་བཀོད་སྒྲིག་བྱས་ནས།  ཨང་བཤེར་ཐོ་འགོད་དང་ཆ་འཕྲིན་ཐོ་འགོད་ཀྱི་ལས་ཀར་ཤུགས་སྣོན་དགོས། མི་ཚང་མའི་བདེ་ཐང་ཨང་བཤེར་དང་ལུས་པོའི་དྲོད་ཚད་ཞིབ་བཤེར་རྒྱུན་ལྡན་ཡིན་པ་དང་ཁ་ཐུམ་རྒྱབ་ཡོད་ན་ནང་དུ་སོང་ཆོག

 ཁང་བའི་ནང་རླུང་རྒྱུ་རུ་འཇུག་པ་ལ་ཤུགས་སྣོན་པ།

ཁང་བའི་ནང་རླུང་རྒྱུ་རུ་འཇུག་པ་ལ་ཤུགས་སྣོན་དགོས་པ་སྟེ། དྲོད་ཚད་འོས་འཚམ་ཡིན་དུས། རང་བྱུང་གི་རླུང་རྒྱུ་རུ་བཅུག་ནས་ཁང་བའི་ནང་གི་མཁའ་དབུགས་འཁོར་རྒྱུག་ལ་ཤུགས་སྣོན་དགོས། གལ་ཏེ་མཁའ་རླུང་སྙོམས་ཆས་བཀོལ་སྤྱོད་བྱེད་པ་ཡིན་ན། མཁའ་རླུང་སྙོམས་ཆས་རྒྱུན་ལྡན་དུ་འཁོར་སྐྱོད་བྱེད་པར་ཁག་ཐེག་དང་། མཁའ་དབུགས་གསར་བ་རྔུབ་བྱེད་ཀྱི་སྦུག་སྒོ་དང་ནང་གི་མཁའ་དབུགས་སྒོར་ཕུད་བྱེད་སྦུག་སྒོ་གཉིས་ཀྱི་བར་ལ་བར་ཐག་ངེས་ཅན་ཞིག་འཇོག་དགོས། གྲང་འགྱུར་ཡོ་བྱད་དང་རྔུབ་སྒོ་སོགས་གཙང་མར་བཀྲུས་ཏེ་འཁོར་སྐྱོད་བྱེད་པའི་གོ་རིམ་ཁྲོད་དུ་མཁའ་དབུགས་གསར་བ་རྔུབ་ལེན་བྱེད་གང་ཐུབ་བྱེད་པ་དང་། དུས་བཅད་ལྟར་མཁའ་རླུང་གསར་བ་སྟེར་བྱེད་ཀྱི་སྒྲིག་ཆས་གཙང་འཁྲུད་དང་དུག་སེལ། བརྗེ་གསོར་བཅས་བྱ་དགོས།

 གཙང་དག་དུག་སེལ་ལེགས་པོ་བྱེད་པ།

རྒྱུན་དུ་ཐུག་རེག་བྱེད་པའི་སྤྱི་སྤྱོད་མཁོ་ཆས་དང་སྒྲིག་ཆས་ལ་ཉིན་རེར་ཉུང་མཐའ་ཡང་གཙང་དག་དུག་སེལ་ཐེངས་གསུམ་ལ་བྱེད་པ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་དུག་སེལ་ལ་དུག་སེལ་ཟིན་ཐོ་འགོད་དགོས། གསང་སྤྱོད་ཁང་ལ་ཉིན་རེར་ཉུང་མཐའ་ཡང་གཙང་དག་དུག་སེལ་ཐེངས་གསུམ་ལ་བྱེད་པ་དང་། ལག་པ་འཁྲུད་བྱེད་ཀྱི་འདག་རྫས་འདང་ངེས་ཤིག་བཀོད་སྒྲིག་བྱེད་པ། ཆུ་སྒོ་སོགས་ཆུ་འདོན་སྒྲིག་ཆས་རྒྱུན་ལྡན་ཡིན་པ་ཁག་ཐེག་བྱེད་པ། དུག་སེལ་གྱི་ཐེངས་གྲངས་དང་ཕན་འབྲས་ཁེག་ཐག་བྱེད་པ་བཅས་བྱ་དགོས།

 རྨིད1གི་བར་ཐག་འཛིན་པ།

ཉོ་ཚོང་རྒྱག་མཁན་ཚང་མས་གྲལ་བསྒྲིགས་ནས་དངུལ་སྤྲོད་སྐབས་བདེ་འཇགས་ཀྱི་བར་ཐག་འཛིན་དགོས་པའི་དྲན་སྐུལ་བྱེད་པ་དང་། ལས་བཟོ་བ་དང་ཉོ་ཚོང་རྒྱག་མཁན་བར་ཁ་བརྡ་བྱེད་སྐབས་རྨིད1ཡན་གྱི་བདེ་འཇགས་ཀྱི་བར་ཐག་འཛིན་དགོས།

 གྲལ་སྒྲིག་ཡུན་ཇེ་ཐུང་དུ་གཏོང་བ།

ཉོ་ཚོང་རྒྱག་མཁན་ཚང་མས་རང་བདག་གིས་ཉོ་སྒྲུབ་བྱེད་པ་དང་ཐུག་འབྲེལ་མི་བྱེད་པའི་ངང་ནས་དངུལ་སྤྲོད་དགོས།  གྲལ་སྒྲིག་པའི་དུས་ཚོད་ཇེ་ཐུང་དུ་གཏང་ཅི་ཐུབ་བྱེད་པ་དང་། མི་སྣའི་བར་གྱི་འབྲེལ་འདྲིས་ཇེ་ཉུང་དུ་གཏང་དགོས།

གཉིས་པ། ལས་བྱེད་མི་སྣས་བདེ་ཐང་འགོག་སྲུང་ཇི་ལྟར་བྱ་དགོས།

༡ གཙོ་གནད་མི་ཚོགས་ཀྱི་འགོག་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ།

དངུལ་སྡུད་པ་དང་ཚོང་གཉེར་བ། ཚོང་ཟོག་དོ་དམ་པ། གཙང་སྦྲ་མཁན། བདེ་སྲུང་བ་སོགས་མགྲོན་པོ་མང་པོར་འབྲེལ་འདྲིས་བྱེད་པའི་ལས་བྱེད་མི་སྣ་དག་གིས་ལས་གནས་སུ་ཞུགས་སྐབས་ཁ་ཐུམ་རྒྱག་པ་དང་ལག་ཤུབས་གོན་རྒྱུར་དོ་སྣང་བྱ་དགོས།

 ཚད་ལྡན་གྱི་སྒོ་ནས་ཁ་ཐུམ་རྒྱག་པ།

ལས་བྱེད་མི་སྣ་ལས་གནས་སུ་ཞུགས་སྐབས། སྨན་སྤྱོད་ཁ་ཐུམ་དང་ཡང་ན་རིམ་པ་དེའི་ཡན་གྱི་ཁ་ཐུམ་བརྒྱག་དགོས་པ་མ་ཟད། དུས་ལྟར་བརྗེ་རྒྱུར་དོ་སྣང་བྱ་དགོས། ལས་གོས་གཙང་ཞིང་གྲལ་དག་ཡིན་དགོས་ལ། དུས་ལྟར་བཀྲུས་ནས་དུག་སེལ་བྱ་དགོས།

༣ ལག་པའི་གཙང་སྦྲར་དོ་སྣང་བྱེད་པ།

ལས་བྱེད་མི་སྣ་ལས་གནས་སུ་ཡོད་པའི་སྐབས་ལ། དུས་རྒྱུན་དུ་ལག་པ་བཀྲུ་དགོས་ལ། ཕན་ནུས་ལྡན་པའི་སྐྱེ་ལྡན་འདྲེས་འགྱུར་རྫས་སྣ་ཡོད་པའི་དུག་སེལ་གཤེར་ཁུ་བཀོལ་ཆོག་པ་དང་། དམིགས་བསལ་གྱི་ཆ་རྐྱེན་འོག རྫས་འགྱུར་ཁིལ་དང་དབྱང་འགྱུར་ཆིང་ཡོད་པའི་དུག་སེལ་གཤེར་ཁུ་བཀོལ་ནའང་ཆོག ལག་པའི་སྟེང་ན་མིག་གིས་མཐོང་ཐུབ་པའི་འབག་བཙོག་དངོས་པོ་ཡོད་ཚེ་ལག་བཀྲུ་གཤེར་ཁུ་ཡིས་བཞུར་ཆུའི་ནང་ལ་ལག་པ་བཀྲུ་དགོས།  ལས་ཀའི་ཁྲོད་ལག་པས་ཁ་དང་མིག  སྣ་བཅས་ལ་མི་རེག་པ་དང་། ལས་བྱེད་མི་སྣས་དངོས་ཟོག་རྩིས་སྤྲོད་དང་རྩིས་ལེན་བྱེད་སྐབས་ལག་ཤུབས་གོན་ནས་ལེན་པ་ལས། ཐད་ཀར་དངོས་པོར་རེག་མི་ཉན་ནོ།

 ལས་བྱེད་མི་སྣས་དུས་ཚོད་བཀར་ནས་ཟ་མ་ཟ་བ།

ལས་བྱེད་མི་སྣས་ཟ་མ་ཟ་སར་རླུང་རྒྱུ་རུ་འཇུག་དགོས་ཤིང་། ལས་བྱེད་མི་སྣས་དུས་སྣོལ་བའི་བྱེད་ཐབས་སྤྱད་དེ་ཟ་མ་བཟའ་དགོས། སྤྱི་སྤྱོད་ཀྱི་གསོལ་ཆས་ལ་དུག་སེལ་ལེགས་པོ་བྱ་དགོས་ལ། གསོལ་ཆས་དག་མི་རེར་གཅིག་རེ་ཡོད་དགོས། ཐེངས་གཅིག་ལ་བཀོལ་རྗེས་དུག་སེལ་ལེགས་པོ་བྱ་དགོས་པ་མ་ཟད། ཉིན་རེར་ཅོག་ཙེ་དང་རྐུབ་སྟེགས། ཁྱིམ་དུ་གཙང་སྦྲ་དང་དུག་སེལ་ལེགས་པོ་བྱ་དགོས།

གསུམ་པ། ཚོང་ར་དང་ཚོང་ཁང་ཆེན་མོ་དག་གི་གཙང་སྦྲ་དང་དུག་སེལ་སྐོར་ལ་དོ་སྣང་བྱ་དགོས་པའི་དོན་ཚན་གང་དག་ཡོད།

 དངོས་པོའི་ཕྱི་ངོས་ལ་གཙང་དག་དུག་སེལ་བྱེད་པ།

ཁོར་ཡུག་གཙང་ཞིང་གྲལ་དག་པ་རྒྱུན་འཁྱོངས་བྱ་འོས་ཤིང་། ཉིན་རྒྱུན་དུས་ཚོད་ལྟར་དུག་སེལ་བྱ་དགོས་པ་མ་ཟད། གཙང་སྦྲ་དང་དུག་སེལ་བྱས་པའི་གནས་ཚུལ་ཟིན་ཐོར་དགོད་དགོས། རྒྱུན་དུ་ཐུག་རེག་བྱེད་པའི་དངོས་པོའི་ཕྱི་ངོས་ཏེ། དཔེར་ན་གློག་སྐས་ཀྱི་མཐེབ་གནོན་དང་ལག་པ་འཇུ་ས། སྒོའི་ལག་འཛིན། སྤྱི་སྤྱོད་ཅོག་ཙེ་དང་རྐུབ་སྟེགས། སྙིགས་སྒམ། དངོས་པོ་ཉོ་བྱེད་ཀྱི་སྣོད་ཆས། དངོས་པོའི་ཉོ་བྱེད་ཀྱི་འཁོར་ལོ། གནས་སྐབས་སུ་དངོས་རྫས་བཅོལ་སའི་སྒམ་སོགས་ལ་ནུས་ལྡན་ཁིལ250—500mg/Lའདུས་པའི་ཁིལ་འདུའི་དུག་སེལ་གཤེར་ཁུ་གཏོར་བའམ་ཡང་ན་གཙང་མར་བཀྲུ་དགོས་ཤིང་། དུག་སེལ་ལག་ཕྱིས་བཀོལ་ཀྱང་ཆོག

 སྙིགས་སྒམ་ལ་དུག་སེལ་བྱེད་པ།

དུས་ལྟར་སྙིགས་སྒམ་སོགས་གད་སྙིགས་འཇུག་སྣོད་ལ་དུག་སེལ་བྱ་དགོས་ཏེ། ནུས་ལྡན་ཁིལ250—500mg/Lའདུས་པའི་ཁིལ་འདུའི་དུག་སེལ་གཤེར་ཁུ་གཏོར་བའམ་ཡང་ན་གཙང་མར་བཀྲུ་དགོས་ཤིང་། དུག་སེལ་ལག་ཕྱིས་བཀོལ་ཀྱང་ཆོག

༣ འཕྲོད་བསྟེན་ཡོ་བྱད་ལ་དུག་སེལ་བྱེད་པ།

འཕྲོད་བསྟེན་ཡོ་བྱད་ནུས་ལྡན་ཁིལ2000mg/Lའདུས་པའི་ཁིལ་འདུའི་དུག་སེལ་གཤེར་ཁུའི་ནང་དུ་སྦངས་བའམ་ཡང་ན་ཕྱིས་ཏེ་དུག་སེལ་བྱ་དགོས་ལ། སྐར་མ30རྗེས་སུ་ཆུས་གཙང་མར་བཀྲུས་ནས་སྐམ་དུ་བཅུག་རྗེས་བཀོལ་ན་ཆོག

 ལས་གོས་ལ་དུག་སེལ་བྱེད་པ།

དུས་ལྟར་ལས་གོས་བརྗེ་དགོས་ཤིང་། འཁོར་རྒྱུག་རླངས་པའམ་ཡང་ན་ཆུ་ཁོལ་ནང་དུ་སྐར་མ30ལ་བཙོས་ཏེ་དུག་སེལ་བྱེད་པ་དང་། ཡང་ན་སྔོན་ལ་ནུས་ལྡན་ཁིལ500mg/Lའདུས་པའི་ཁིལ་འདུའི་དུག་སེལ་གཤེར་ཁུའི་ནང་དུ་སྐར་མ30སྦངས་རྗེས་རྒྱུན་ལྡན་ལྟར་བཀྲུ་དགོས།

རྩོམ་ཞུས།   པདྨ་རབ་བརྟན།
审 核:万玛拉旦
རྩོམ་ཁུངས།    ཨ་མདོ་བརྙན་འཕྲིན།
来 源:  安多卫视
རྩོམ་སྒྲིག   དྲིལ་སྒྲོག་འཐབ་གཅིག་ཚན་ཁག རིག་འཛིན་སྐྱིད།
编 辑:宣传统战科(仁增吉)

གོང་ངོས།:ཁྱིམ་སྡོད་འཕྲོད་བསྟེན་གྱི་གནད་འདི་དག ཁྱེད་ཀྱིས་ཤེས་སམ།

འོག་ངོས།:མགྱོགས་སྐྱེལ་དངོས་པོ་ལེན་དུས། རིམས་འགོག་འདི་ལྟར་གྱིས་ཤིག

健康
热线

0971-8200897
7*24小时健康热线

关注
微信

关注公众号
顶部