中文版 | 藏文版
当前位置 - > 首页 > 新闻资讯 > 医院新闻

青海省藏医住院医师规范化培训基地开展第四期“传承经典、衣钵相传”主题讲座


日期:2024-01-16 15:52:11  点击:  所在栏目:医院新闻

传承经典、衣钵相传

为深入贯彻落实习近平总书记在《促进中医药传承创新发展意见》中“传承精华,守正创新”的指示精神,不断促进藏医学专业人才队伍培养,提升住培医师传承藏医经典理论知识的能力,基地于1月13日-15日,特邀青海省藏语佛学院华旦加措老师开展了以“传承经典、衣钵相传”为主题的讲座。此次讲座为期三天,共有200余名住培及实习医师参加。






བོད་ཀྱི་གསོ་བ་རིག་པ་རྒྱུད་འཛིན་དར་སྤེལ་དང་མ་འོངས་ཤེས་ལྡན་མི་སྣ་བསྐྱེད་བསྲིང་བྱ་རྒྱུའི་དགོས་པར་དམིགས་ཏེ་མཚོ་སྔོན་ཞིང་ཆེན་བོད་ལུགས་དཀའ་བཅུ་སྨན་པ་ཚད་ལྡན་གསོ་སྐྱོང་རྟེན་གཞིས༢༠༢༤ལོའི་སྤྱི་ཟླ་༡་པོའི་ཚེས་༡༣ཉིན་ནས་བཟུང་ཉིན་གྲངས་གསུམ་གྱི་རིང་ལ། གསོ་རིག་མཁས་དབང་འབྲི་ཚ་དཔལ་ལྡན་རྒྱ་མཚོ་ལགས་གདན་ཞུ་བྱས་ཏེ་སྐབས་བཞི་པའི་༼གསོ་རིག་རྒྱུད་འཛིན། རྗེས་རབས་བསྐྱེད་བསྲིང་། ༽བརྗོད་དོན་སྐོར་གྱི་འཆད་ཁྲིད་སྤེལ།

ཐེངས་འདིའི་འཆད་ཁྲིད་སྟེང་རྒན་འབྲི་ཚ་དཔལ་ལྡན་རྒྱ་མཚོ་ལགས་ཀྱིས་རྗེ་གཡུ་ཐོག་པའི་ཐུགས་བཅུད་ལས་འཁྲུངས་བའི་དཔལ་ལྡན་རྒྱུད་བཞིའི་ཁྲིད་ལུང་དང་འབྲེལ་ནས་བློ་གསར་དོན་གཉེར་བ་ཀུན་གྱིས་ཁྲིད་ལུང་གི་གལ་ཆེན་རང་བཞིན་དང་ཐོས་པ་བྱེད་སྐབས་ཀུན་སློང་རྣམ་པར་དག་པའི་སྒོ་ནས་གསན་དགོས་ཚུལ་སོགས་སྔོན་བྱོན་དམ་པ་རྣམས་ཀྱི་བདེན་ཚིག་ལུང་དུ་དྲངས་ཏེ་བཀའ་སློབ་གནང་།

དེར་འབྲེལ་དཔལ་ལྡན་རྒྱུད་བཞིའི་དཔར་ཤིང་རིགས་མི་འདྲ་བར་བསྡུར་དཔྱོད་བྱས་པའི་ཉམས་མྱོང་དང་དེ་དག་གི་ངོ་སྤྲོད་ཞིབ་ཅིང་ཕྲ་བ་གནང་ཏེ་ཕུན་སུམ་ཚོགས་པ་ལྔ་ལྡན་དང་སྦྱར་ནས་དཔལ་ལྡན་རྒྱུད་བཞིའི་ནང་གི་དཀའ་གནད་ཀྱི་བརྡ་ཆད་ཁག་ལ་འགྲེལ་བཤད་དང་དོགས་གནད་སེལ། ཁྱད་པར་སྐལ་ལྡན་སློབ་བུའི་ཚོགས་ལ་དཔལ་ལྡན་རྒྱུད་བཞི་ཆ་ཚང་སྡེ་དགེ་རྒྱུད་བཞི་ལྕགས་པར་མའི་དཔར་གཞི་གཙོར་བྱས་ཟུར་ལུགས་ཁྲིད་རྒྱུན་གྱི་དྲི་མ་ཡལ་བར་གནང་བའོ། །

 

རྩོམ་ཞུས།    པདྨ་རབ་བརྟན།

审 核:万玛拉旦

རྩོམ་ཁུངས།  སློབ་སྟོན་ཚན་ཁག

供 稿:教学科

རྩོམ་སྒྲིག     དྲིལ་སྒྲོག་འཐབ་གཅིག་ཚན་ཁག  པདྨ་ལྷུན་གྲུབ།
编 辑:宣传统战科(万玛愣智)


分享到:
上一篇:抓重点,补短板——青海省藏医院召开2023年下半年医疗、护理质量检查通报工作会

下一篇:以考促学 以考促培——青海省藏医住院医师规范化培训基地完成2023年度考核工作

健康
热线

0971-8200897
7*24小时健康热线

0971-8201012
举报电话

hszyyjw@163.com
举报邮箱

关注
微信

关注公众号
顶部