中文版 | 藏文版
当前位置 - > 首页 > 新闻资讯 > 医院新闻

青海省藏医住院医师规范化培训基地开展第十二期讲座


日期:2024-01-10 15:41:02  点击:  所在栏目:医院新闻


为丰富住培医师的文化生活,提高住培医师的理论水平,于2024年1月9日,特邀青海省名医、主任医师万玛太开展了基地图书阅览室第十二期系列讲座,共有200余名住培医师参加。



མཚོ་སྔོན་ཞིང་ཆེན་བོད་གསོའི་དཀའ་བཅུ་སྨན་པ་ཚད་ལྡན་གསོ་སྐྱོང་རྟེན་གཞིས་སྐབས་བཅུ་གཉིས་པའི་མུ་འབྲེལ་འཆད་ཁྲིད་སྤེལ་བ།


༢༠༢༤ལོའི་ཟླ་༡པོའི་ཚེས་༩ཉིན། མཚོ་སྔོན་ཞིང་ཆེན་བོད་ལུགས་སྨན་ཁང་ནད་ཐོག་སློབ་སྟོན་ཚན་ཁག་གིས། དཀའ་བཅུ་སྨན་པ་ཚད་ལྡན་གསོ་སྐྱོང་རྟེན་གཞིའི་དཔེ་ཀློག་ཁང་གི་སྐབས་བཅུ་གཉིས་པའི་མུ་འབྲེལ་འཆད་ཁྲིད་སྤེལ།



ཐེངས་འདིའི་འཆད་ཁྲིད་སྟེང་ངེད་ཚན་ཁག་གིས་ཞིང་ཆེན་སྨན་པ་མིང་གྲགས་ཅན། ཞིང་ཆེན་བོད་ལུགས་སྨན་ཁང་གི་སྨན་པ་འབུམ་རམས་པ། ཤེས་རམས་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན་སྨན་པ་པདྨ་ཐར་གདན་ཞུས་འཆད་ཁྲིད་གནང་།




རྒན་པདྨ་ཐར་གྱིས་སྨན་པའི་རྒྱུ་དྲུག་དང་སྦྲགས་ནས་སྨན་པའི་ཀུན་སྤྱོད་དང་ཀུན་སློང་གཙང་མའི་སྒོ་ནས་ནད་པར་བྱམས་སྐྱོང་དང་གསོ་བཅོས་བྱེད་དགོས་ཚུལ་གྱི་སྐོར་དང་། རྩ་དཀར་ནད་ཀྱི་གསོ་ཐབས་གནད་དུ་བཟུང་དེ་བོད་ཕྱི་ཟུང་འབྲེལ་སྒོས་ལུས་ཀྱི་གནས་ལུགས་ལས་རྩ་དཀར་གྱི་གྱེས་གཞི་ཀླད་པའི་རྣམ་བཞག་དང་ཀླད་པའི་རྒྱ་དར་གྱི་གནས་ལུགས། ཀླད་པ་དང་ཀླད་སྙིང་གི་གྲུབ་ཚུལ་གཙོར་བྱས་སྲོག་རྩ་དཀར་ནག་ལུས་ལ་ཇི་ལྟར་གནས་སྟངས་དང་།ཕྱི་ནང་གི་རྩ་དོན་ལྔ་སྣོད་དྲུག་ལ་ཇི་ལྟར་འབྲེལ་བའི་ཚུལ་སོགས་རྒྱུད་དང་བསྟན་བཅོས་ཁུངས་ལ་ལེགས་པར་གཏུགས་ནས་ངོ་སྤྲོད་གསལ་བོ་གནངས།ལྷག་པར་དུ་ནད་ཐོག་ཉམས་མྱོང་དང་མཐོང་རྒྱུད་ལག་ལེན་ཁྲོད་དུ་རྩ་དཀར་ནད་ཀྱི་ངོས་འཛིན་དང་གསོ་བྱེད་ཀྱི་གཉེན་པོ་གཏོང་བའི་ཚུལ། དེ་ལ་གསོ་ཐབས་ཀྱི་སྨན་དཔྱད་གང་འདྲ་བསྟེན་ན་ཕན་ངེས་པ་དང་དེང་དུས་སྤྱོད་ལམ་ཀྱིས་རྐྱེན་བྱས་ཏེ་ནད་འདི་འབྱུང་བ་མང་བས་དེ་ལ་སྤང་བླང་གི་གནད་ཤེས་རྒྱུ་སོགས་འཆད་ཁྲིད་གྱ་ནོམ་པ་བྱས།


རྩོམ་ཞུས།     པདྨ་རབ་བརྟན།

审 核:  万玛拉旦

རྩོམ་ཁུངས།  སློབ་སྟོན་ཚན་ཁག

供 稿:  教学科
རྩོམ་སྒྲིག     དྲིལ་སྒྲོག་འཐབ་གཅིག་ཚན་ཁག  
རིག་འཛིན་སྐྱིད།
编 辑:宣传统战科(仁增吉)


分享到:
上一篇:以考促学 以考促培——青海省藏医住院医师规范化培训基地完成2023年度考核工作

下一篇:年终考核促提升 踔厉奋发再前行——省藏医院召开2023年度党建党风廉政建设和领导班子综合目标考核大会

健康
热线

0971-8200897
7*24小时健康热线

0971-8201012
举报电话

hszyyjw@163.com
举报邮箱

关注
微信

关注公众号
顶部