中文版 | 藏文版
当前位置 - > 首页 > 科普教育

【科普】藏医治疗痔疮小科普 གཞང་འབྲུམ་བཅོས་ཐབས་རེག་པ་བདེ་སྟེར།


日期:2025-01-15 17:39:32  点击:  所在栏目:科普教育

藏医巨著《四部医典》第六十四章节专门有《痔疮》的详细讲解。

痔疮是一种常见的肛肠疾病,虽不是大病,但发作起来却让患者苦不堪言。痔疮的形成与多种因素有关。从生理结构来看,人体直立行走,受重力影响,直肠肛门处的静脉丛易出现淤血、扩张,从而形成痔疮。长期便秘、腹泻,排便时间过长,会使腹压增加,影响直肠肛管的血液循环,促使痔疮的发生。此外,久坐久站、缺乏运动,孕妇、肥胖人群、老年人、患有直肠和肛管慢性炎症或门静脉高压的人群,会导致局部血液循环不畅,也易得痔疮;经常食用辛辣、油腻、刺激性食物,会刺激直肠肛门黏膜,使局部充血,增加痔疮发病几率。

一、痔疮的类型及症状:
内痔:主要表现为便血和脱出,便血通常为鲜红色,在排便后出现点滴状,严重时呈喷射状出血。部分患者会因长期慢性失血而出现贫血症状。早期内痔一般不会疼痛,但随着病情发展,内痔脱出不能回纳,形成嵌顿,会出现剧烈疼痛。
外痔:常表现为肛门不适、潮湿不洁、瘙痒等症状。若发生血栓或炎症,会出现肛门剧痛,形成血栓性外痔或炎性外痔,疼痛程度与血栓大小及肛门括约肌有关。
混合痔:兼具内痔和外痔的症状。内痔发展到度以上多为混合痔,严重时呈环状脱出肛门外,若不能及时回纳,会引起嵌顿、坏死,导致剧烈疼痛。
二、藏医对痔疮的治疗方法:
  饮食疗法:痔疮病患需食易于消化、富含纤维的食物,特别是流食或半流食,达到润肠通便的作用。
  起居疗法:1、避免久坐或久站;2、保持肛门清洁;3、养成良好的排便习惯;4、适当运动。
 药物治疗

         内服:

1、温胃补火,温暖和强健脾胃,助消化的药物:涩芝阿瓦散,涩芝当奈散, 达波曼那散,四味菖蒲散,七味酸藤果散;  
2、助消化、润肠、软化排便的药物:希协尼苟散,四味藏菖蒲散,希协周巴散;
3、抗菌消炎止痛药物:日达周巴散,琼阿丸,西当顿巴散,广益丸;
外用七味酸藤果痔疮栓,香森德协痔疮栓
器具疗法
坐浴疗法、热敷疗法、放血疗法、手术疗法。

藏药:香森德协痔疮栓





     གཞང་འབྲུམ་ནི་ནད་ཀྱི་གནས་དང་མཚན་ཉིད་ལ་ལྟོས་ནས་བཏགས་པའི་གཞང་ལམ་དུ་འབྲུམ་པ་མང་པོ་སྐྱེས་པའི་ལྷན་སྐྱེས་ཀྱི་རྨ་རིགས་ཤིག་སྟེ། བཤང་བ་སྐམ་པའམ་ཕོ་བའི་མེ་དྲོད་ཉམས་ནས་འཁྲུ་པ་དང་སྟན་སྲབ་ཏུ་བསྡད་དྲགས་པ། ཚོ་ཆེ་བ། སྦྲུམ་མ། རྒན་པོའི་རིགས་དང་གཅེའུ་བཙན་པོ་སོགས་ཀྱིས་གཞང་ལ་གནས་པའི་ཐུར་སེལ་རླུང་གི་བྱེད་ལས་འཁྲུགས་ནས་ཁྲག་རྩ་རྒྱས་པ་དང་ཁྲག་འཁྱིལ་བ།ཁྲག་རྩའི་ནང་ཁྲག་འདྲིལ་ཏེ་གཉན་ཁ་རྒྱས་པ་དང་ཟ་འཕྲུག་ལངས་པ།འབྲུམ་པ་བརྡོལ་ནས་ཁྲག་ཟགས་པ་དུས་ཐོག་ཏུ་གསོ་བཅོས་མ་བྱས་པར་ཟུངས་ཁྲག་ཟད་ནས་སྲོག་ལ་རྒོལ་བའི་ནད་གཞི་གདུག་པ་ཅན་ཞིག་ཡིན།

        ཉེས་པའི་དབྱེ་བར་རླུང་ལས་གྱུར་པ་དང། མཁྲིས་པ་ལས་གྱུར་པ། བད་ཀན་ལས་གྱུར་པ།ཁྲག་ལས་གྱུར་པ། སྐམ་པ་དང་གཤེར་བ་བཅས་དྲུག་ལ་དབྱེ་ཡང་མདོར་ན་རླུང་དང་བད་ཀན་ལས་སྐམ་པ་དང། ཁྲག་དང་མཁྲིས་པ་ལས་གཤེར་བ་སྟེ་སྐམ་གཤེར་གཉིས་སུ་དབྱེ་བ་ཡོད་ལ།གནས་ཀྱི་དབྱེ་བར་ཕྱི་འབྲུམ་དང་ནང་འབྲུམ་འདྲེས་འབྲུམ་གསུམ་དུ་ཕྱེ་ཡོད།

     གཞང་གི་ཕྱི་ནང་འབྲུམ་པ་ཆེར་རྒྱས་ནས་བཤང་བ་བཀག་ཅིང་ཐུར་སེལ་གྱི་རླུང་གྱེན་དུ་ལོག་པས་གསུས་པ་སྦོས་བརྒྱངས་བྱེད་པ་དང་། བཤང་བ་སྐམ་ཞིང་འབྱིན་དཀའ་བ།གཞང་ཁ་གཟེར་བ། ལུས་ཙོག་པུར་སྡོད་མི་ཐུབ་པ། གཞང་ཁ་ནས་ཆུ་སེར་དང་ཁྲག་བཅས་འཛགས་པའོ། བྱེ་བྲག་ཏུ་བད་ཀན་ལས་གྱུར་ན་གསུས་པ་སྦོ་ཞིང་འཁྲུ་ལ་འཁྲུ་མདོག་སྐྱ་ལ་བེ་སྣབས་ལྡན་པ་དང་། ཁྲག་དང་ཆུ་སེར་སྤྱིར་མི་འཛག་པ། འབྲུམ་པའི་མདོག་དཀར་བ།གཡའ་ཞིང་ཟ་འཕྲུག་ལངས་པ་སོགས་འབྱུང་། རླུང་ལས་འགྱུར་ན་བཤང་བ་སྐམ་ཞིང་གཞང་ཚ་བའམ་ཡང་ན་སྐ་སླ་འདྲེས་མར་འཁྲུ་བ། མགོ་དང་བརླ་ཤ་རྩིབས་ལོགས་ཆུ་སོ་གཟེར་བ།ཁྲག་གིས་གྱུར་ན་འབྲུམ་པ་བྱུ་རུ་འདྲ་བ་དམར་པོ་འབྱུང་ཞིང་ཤིན་ཏུ་ཚ་ལ་བཤང་བའི་རྗེས་ཁྲག་མང་ཡང་ཡང་འཛགས་པའོ། མཁྲིས་པ་ལས་གྱུར་ན་གཞང་ཁ་ནག་ལ་འཁྲུ་མདོག་དམར་སེར་དྲི་མ་ཆེ་བ་སླ་བར་འཁྲུ། འབྲུམ་པའི་མདོག་དམར་སེར་ཡིན་ལ་ཁྲག་སླ་མོ་འཛགས་པའོ།

 ནང་འབྲུམ་གྱི་རྟགས་སུ་བཤང་བར་ཁྲག་འདྲེས་པ་དང་ཁྲག་མདོག་དམར་པོ་ཡིན་པ།བཤང་བ་བབས་པའི་རྗེས་སུ་ཁྲག་ཐིགས་འབབ་པ། ནད་བབས་ལྕི་དུས་ཁྲག་བཞུར་བའི་རྟགས་ལྡན་པ། དུས་ལྟར་མ་བཅོས་པར་འགོར་འགྱངས་བྱས་ན་ལུས་ཟུངས་ཟད་ནས་བཅོས་དཀའ་བར་འགྱུར་ཉེན་ཆེ། ནང་འབྲུམ་ཐོག་མར་བྱུང་དུས་གཟེར་ཟུག་གང་ཡང་མེད་ལ་ཡུན་འགོར་ཚེ་འབྲུམ་པ་ཕྱིར་གཞང་ལུག་ནས་གཟེར་ཟུག་དྲག་པོ་འབྱུང་།

       ཕྱི་འབྲུམ་གྱི་རྟགས་སུ་གཞང་ཁར་ཟ་འཕྲུག་ལངས་པ། བརླན་གཤེར་ལྡན་པ། བཤང་བ་སྐམ་ཞིང་འབབ་དཀའ་བ།གཞང་ཁ་གཟེར་བ། ལུས་ཙོག་པུར་སྡོད་མི་ཐུབ་པ། འབྲུམ་པ་ཕྱིར་ལུག་པ་བཅས་འབྱུང་། འདྲེས་འབྲུམ་གྱི་རྟགས་ནི་ཕྱི་འབྲུམ་དང་ནང་འབྲུམ་གཉིས་ཀྱི་རྟགས་འདྲེས་པར་འབྱུང་།

གསོ་བཅོས་ཀྱི་ཐབས།

༡ ཟས་སྐོམ་གྱི་བཅོས་པ། ཟས་སྐོམ་འཇུ་སླ་བའི་རིགས་དང་གར་སླའི་རིགས་བསྟེན་ལ།ཚྭ་སྒོག་དང་རུལ་སུངས་ཀྱི་རིགས་ལ་འཛེམ་དགོས།

༢ སྤྱོད་ལམ་གྱི་བཅོས་པ།  སྤྱོད་ལམ་ལུས་འཁྱགས་པ་དང་བརླན་སྟེང་དུ་འདུག་ཡུན་རིང་བ། ལངས་དྲག་པ་དང་ཙོག་དྲགས་པ། བཤང་གཅིན་བཀག་དྲགས་པའམ་བཙིར་དྲགས་པ་སོགས་སྤངས་ནས་བསིལ་དྲོད་སྙོམས་པའི་གནས་སུ་ངལ་གསོ་བར་བྱ།

 ༣ སྨན་གྱི་བཅོས་པ།

     ཁོང་དུ་བསྟེན་པ། ༡ ཕོ་བའི་མེ་དྲོད་གསོ་བའི་གཉེན་པོ་བསྟེན་པ། སེ་འབྲུ་དྭངས་གནས། སེ་འབྲུ་ལྔ་བ། དྭགས་པོ་སྨན་ནག ཤུ་དག་བཞི་བ། ༢ དང་ག་འབྱེད་པ་དང་བུ་ག་དག་པར་བྱེད་པའི་གཉེན་པོ་བསྟེན་པ། གསེར་མདོག་ལྔ་བ། ཞི་བྱེད་དྲུག་པ། ཞི་བྱེད་ཉེར་དགུ  ༣ གཉན་དང་གཟེར་གཅོག་པའི་གཉེན་པ་བསྟེན་པ། རུ་ཁྱུང་། བྱི་ཏང་བདུན་པ། འཆི་མེད་སྲིན་སེལ། དངུལ་ཆུ་བཅོ་བརྒྱད། ཁྱུང་ལྔ་། ཕན་པ་ཀུན་ལྡན།

མས་བཏང་གིས་བཅོས་པ། བྱི་ཏང་བདུན་པའི་རེང་བུ། གཞང་སྲིན་བདེ་བྱེད་རེང་བུ། 

  ༤ དཔྱད་ཀྱིས་བཅོས་པ། 

      བྱི་ཏང་བདུན་པའི་བྱུག་སྨན། རླངས་ལུམས།དྲོད་དུགས།གཏར་དང་གཤགས་བཅོས།

གཞང་འབྲུམ་ནད་ཀྱི་སྔོན་འགོག  

   འཚོ་བའི་གོམས་གཤིས་ལེགས་པོ་ཆགས་སུ་འཇུག་པ་དང་། སྔོ་ཚལ་དང་ཤིང་ཏོག  འཇུ་སླ་བའི་སོགས་མང་དུ་བཟའ་བ་དང་། ཆུ་མང་ཙམ་འཐུང་བ། རུལ་སྐྱུར་དང་ཚ་སྒོག་གི་རིགས་ལ་འཛེམ་པ། གཞང་གི་གཙང་སྦྲར་དོ་སྣང་དང་གནས་འཁྱག་སར་ཡུན་རིང་དུ་མི་འདུག་པ།ལངས་དྲགས་པ་དང་ཙོག་པུར་སྡོད་དྲགས་པར་མཉམ་འཇོག་བྱེད་རྒྱུ་དང་འོས་འཚམས་ཀྱི་འགུལ་སྐྱོད་བཅས་བྱས་ན་གཞང་འབྲུམ་མི་འབྱུང་བའི་ཉེན་ཁ་སྔོན་འགོག་དང་ཆུང་དུ་གཏོང་ཐུབ།


藏医专治痔疮医师

桑乾才让

副主任医师

副主任药师

在读博士,第七批全国老中藏医药专家学术经验继承人等。


桑乾才让、副主任医师、副主任药师、在读博士,第七批全国老中藏医药专家学术经验继承人,全国首届少数民族(藏)医药骨干人才,国医大师尼玛传承工作室成员,万玛太名老中藏医药专家传承室成员,青海省省级藏医药专家组成员,中国民族医药学会男科分会理事,青海省藏医药术语翻译专业委员会委员,青海省藏医药藏医达日卡疗法专业委员会理事,青海省藏医药学会藏药认药委员会委员,青海省藏医药学会炮制委员会委员。曾参加学习国医大师尼玛指导的16种矿物炮制和藏药水银炮制培训班6次。多年来,跟随著名藏医专家嘎务多杰、扎加、旦松扎巴老师等学习草本植物及藏药传统鉴别方法,藏医放血疗法、藏医泻治疗法、藏医煎沐滋疗法等特色外治疗法。

主要擅长治疗心血管疾病、呼吸系统、泌尿系统、内分泌系统疾病,尤其在对冠心病、动脉血栓、高血压、肺心病、慢阻肺、尿毒症、肾病综合征、肾炎、甲状腺、糖尿病、痔疮、男性性功能障碍等疾病的诊治有丰富的临床经验。




རྩོམ་ཞུས།   ཤིན་ཞའོ་ཀོང་།

审 核: 辛晓光

རྩོམ་ཁུངས། ཁོང་ནད་ཚན་ཁག
供 稿:综合内科
རྩོམ་སྒྲིག  དྲིལ་སྒྲོག་འཐབ་གཅིག་ཚན་ཁག

编 辑:宣传统战科



分享到:
上一篇:2024年度全国科普教育基地科普工作绩效自评报告

下一篇:没有了

健康
热线

0971-8200897
7*24小时健康热线

0971-8201012
举报电话

hszyyjw@163.com
举报邮箱

关注
微信

关注公众号
顶部