藏药穴位贴敷:
藏药穴位贴敷属于藏医外治法,以藏医药基本理论为指导,应用藏药制剂贴于皮肤、穴位、局部等部位,通过皮肤透皮吸收功能达到治疗疾病的方法。是基于藏医理论中的“寒热与三因学说”的基础上辨证施治的穴位疗法,即通过刺激特定穴位来调节身体三因病证的功能。
分类:一般分为热敷和冷敷两种方式。
热 敷
适用于培根和隆引起的积食、寒性腹泻、宁隆、索隆、肺隆病(气管炎)、哮喘、咽炎、风湿性关节炎、腰椎间盘突出症、寒性皮下痞瘤等寒性疾病。
冷 敷
适用于血热赤巴引起的肺炎、呼吸道感染、发烧、咳嗽、肝胆热、痛风、类风湿性关节炎、热性黄水、热性皮下痞瘤等热性疾病。
专科特色贴敷
གསང་མིག་འབྱར་བཅོས།
我院疫病科作为藏医热病疫病专科,开展穴位贴敷,对肺结核、流感、肺炎、上呼吸道感染等引起的发烧具有退热作用;气管炎、支气管哮喘、各种肺病引起的咳嗽气喘具有止咳平喘作用;肺结核等引起的胸腔积液具有消水作用;胸膜炎引起的肋间疼痛具有止痛作用。针对呼吸道疾病辨证取穴,施治穴位贴敷取得一定的临床疗效,也可作为其他疾病的辅助治疗。
优势:
贴敷疗法具有无创伤、使用简便、副作用小等优点。同时,通过皮肤直接吸收药物,可以避免口服药物对胃肠道的刺激。
注意事项:
贴敷疗法需注意药物过敏问题,在使用前最好进行皮肤测试,应严格按照医生建议的时间和剂量使用,避免长时间贴敷造成皮肤损伤。
གསང་མིག་འབྱར་བཅོས།
འབྱར་གྱི་གོ་དོན།
འབྱར་ཞེས་པ་ནི་དངོས་པོ་གཉིས་ཀྱི་བར་མ་ཆད་པར་མཉམ་གཅིག་ཏུ་འབྱར་བའི་དོན་ལ་གོ་ཞིང་།ནད་ཐོག་ཏུ་འབྱར་སྨན་དང་བུལ་ཏོག གྲོ་ཞིབ་སོགས་མཉམ་གཅིག་ཏུ་བསྲེས་ནས་གར་སླ་ཞོ་ཙམ་བྱས་རྗེས་ནད་གཞི་དང་ནད་རྟགས་ལ་དམིགས་སྟེ་གསང་དམིགས་སུ་ཚ་གྲང་དང་སྦྱར་བའི་བསིལ་དྲོད་ཀྱི་འབྱར་སྨན་ལ་བརྟེན་ནས་དྲེག་གྲུམ་དང་སྐྲངས་སྦོས།གློ་ཚད་སོགས་གང་ན་བའི་གནས་སུ་སྦྱར་བས་ན་ཟུག་དང་གཉན་ཁ་གཅོག་པ།ཚ་བ་འཇོམས་པ།སྐྲངས་པ་ཞི་བ་སོགས་ཀྱི་ནུས་པ་ཐོན་པའི་འཇམ་དཔྱད་ཅིག་ཡིན་ནོ།
དབྱེ་བ།
འབྱར་ལ་དབྱེ་ན་དྲོད་འབྱར་དང་བསིལ་འབྱར་གཉིས་ཡོད།
ཕན་ཡོན།
རྒྱུད་ལས།འབྱར་གྱི་ཡོན་ཏན་རྣག་འཁྱིམས་བཅར་ལ་འདེབས།།སྐྲངས་ཀྱི་བྱེར་སྡུད་བྱེ་སྦོས་རང་སར་གནོན།།རྩ་ཡི་ཁ་འཛིན་ཆག་པ་གནས་སུ་སྦྱོར།།ཚིགས་བར་འཁྲུལ་སྡོམ་ཆུ་རྒྱུས་འཐེམ་ལ་འདེབས།།
དྲོད་འབྱར་གྱི་ཕན་ཡོན།
བད་རླུང་གྲང་བ་ལས་སྐྱེད་པའི་ནད་གཞི་སྟེ།མ་ཞུ་བ་དང་གྲང་འཁྲུ། སྙིང་རླུང་།སྲོག་རླུང་།གློ་རླུང་།དབུགས་མི་བདེ་བ།གྲེ་ཚད།མཁལ་གྲང་།མཁལ་འགྲམས།གྲང་གྲུམ།ཆུ་སེར་གྲང་བ།ཕྱི་འབྲས་དང་སྐྲངས་པ་ཞི་དཀའ་བའི་རིགས་སོགས་བད་རླུང་གྲང་བའི་ནད་རིགས་ཐམས་ཅད་ལ་ཕན་སྐྱེད་ཡོད།
བསིལ་འབྱར་གྱི་ཕན་ཡོན།
ཁྲག་མཁྲིས་ཚ་བ་ལས་སྐྱེད་པའི་ནད་གཞི་སྟེ།རིམས་ཚད་དང་གློ་ཚད།རྒྱས་ཚད།མཁྲིས་ཚད།དྲེག་ནད།ཚ་གྲུམ།ཆུ་སེར་ཚ་བ།གཉན་ཚད་ཆུ་སེར་གྱིས་བསྐྱེད་པའི་ཕྱི་འབྲས་དང་སྐྲངས་པ་སོགས་ཀྱི་ནད་གཞི་ལ་གཉན་གསོད་ཚ་གཅོག་གི་ནུས་པ་ཐོན།
ཚན་ཁག་གི་ཁྱད་ལྡན་འབྱར་བཅོས།
ངེད་གཉན་རིམས་ཚན་ཁག་གིས་གཙོ་བོ་གློ་བའི་གཉན་རིམས་དང་གློ་ཚད།ཆམ་རིམས་སོགས་ཀྱིས་ཚ་རྒྱག་པའི་ནད་པ་ལ་ཚ་གཅོག་གི་འབྱར་བཅོས་དང་།གློ་རླུང་དང་གློ་ཚད་སོགས་གློ་ནད་གང་རིགས་ཀྱིས་གློ་ལུ་བ་ལ་གློ་ལུ་འཇག་བྱེད་ཀྱི་འབྱར་སྨན།གློ་བའི་ཟགས་ཆུ་ལ་ཆུ་སྐེམ་བྱེད་དང་བྲང་སྐྱི་སྐམ་འབྱར་ལ་ཚ་ཟུག་གཅོག་བྱེད་ཀྱི་འབྱར་སྨན་སོགས་གསང་དམིགས་འབྱར་བཅོས་མང་དུ་མཆིས་ལ་ནད་ཐོག་ཕན་སྐྱེད་ཆེན་པོ་ཐོན་ནོ།
ས་གནས། མཚོ་སྔོན་ཞིང་ཆེན་བོད་ལུགས་སྨན་ཁང་སྒོ་བསྟེན་ཐོག་ཁང་ཉིས་ཐོག་གི་གཉན་རིམས་བརྟག་བཅོས་ཁང་། སྒོ་རྟགས༢༣༣
སྒོ་བསྟེན་དུས་ཚོད། གཟའ་ཟླ་བ།མིག་དམར།ལྷག་པ།པ་སང་བཅས་ཀྱི་ཉིན་ཧྲིལ་བོ།
རྩོམ་ཞུས། ཤིན་ཞའོ་ཀོང་།
审 核:辛晓光
编 辑:宣传统战科