中文版 | 藏文版
当前位置 - > 首页 > 科普教育 > 科普园地

【科普】藏医对帕金森疾病的治疗!ཕ་ཁིན་སོན་ནད་གསོ་བཅོས་སྐོར།


日期:2025-04-11 17:15:02  点击:  所在栏目:科普园地

每年的4月11日是世界帕金森病日,是为了纪念帕金森病的发现者詹姆斯·帕金森医生,同时也希望提高公众对这种疾病的认识,帮助患者更好地面对挑战。

藏医学认为:此病属于“藏医隆型白脉病”范畴,是藏医三因(隆、赤巴、培根)中的“隆”所致白脉病。在正常生理状态下,索增隆主要存在于肉、骨、脑三者中,功能包括吞咽饮食、呼吸空气、吐出唾沫、打喷嚏、产生暖气,以及清醒头脑、增强记忆、敏锐耳目等感觉器官,并能摄守神思于体内。在病理状态下,受各种内外致病因素的影响,索增隆的容量和位置发生变化,原本平衡协调的状态被打破,人体便会出现心神不宁、精神错乱、心慌气短、失眠健忘、拘挛僵硬、肢体震颤、失语蹇言等临床症状。

བོད་ལུགས་གསོ་རིག་གིས་ཕ་ཁིན་སོནཞེས་པའི་ནད་འདིར་ངོས་འཛིན་ཇི་ལྟར་བྱེད།

བོད་ལུགས་གསོ་རིག་གི་གཞུང་ལྟར་ན་“ཕ་ཁིན་སོན་”ཞེས་པའི་ནད་འདི་ནི་རྩ་དཀར་རླུང་ལྡན་ནད་ཀྱི་ཁོངས་སུ་གཏོགས། བོད་ལུགས་གསོ་རིག་གི་གཞུང་དང་ཉམས་ཡིག་ཁག་གི་ནང་དུ་ཕ་ཁིན་སོན་ཞེས་པའི་ནད་འདི་དངོས་སུ་བསྟན་མེད་པ་མ་ཟད། དེ་མཐུན་གྱི་དམིགས་བསལ་ནད་མིང་ཡང་བྱུང་མེད། འོན་ཀྱང་། ནད་འདིའི་རྒྱུ་རྐྱེན་དང་ནད་ཐོག་གི་ནད་རྟགས་མངོན་ཚུལ་སོགས་ལ་གཞིགས་ན་རྩ་དཀར་རླུང་ལྡན་ནད་ཀྱི་ཁོངས་སུ་གཏོགས་པས་བོད་ལུགས་གསོ་རིག་གི་གཞུང་དང་ཉམས་ཡིག་ཁག་གི་ནང་དུ་རྩ་དཀར་རླུང་ལྡན་ནད་ཀྱི་སྐོར་མང་པོ་གསུངས་ཡོད།

རྩ་དཀར་རླུང་ལྡན་ནད་ནི་ཉེས་པ་རླུང་གི་བྱེད་ལས་འཕེལ་ཟད་འཁྲུགས་པ་ལས་བྱུང་བའི་རྩ་དཀར་གྱི་ནད་ཅིག་ཡིན། ལུས་ཀྱི་གནས་ལུགས་བསྟན་པའི་སྐབས་སུ། སྲོག་འཛིན་ཞེས་བྱ་བའི་རླུང་དེ་ནི་གཙོ་བོ་སྤྱི་བོ་ལ་གནས་ཤིང་། ཡུལ་གྲེ་བ་དང་བྲང་གཞུང་དུ་རྒྱུ་བ་དང་། བྱེད་ལས་ནི་ཟས་སྐོམ་མིད་པ་དང་། དབུགས་རྔུབ་པ། མཆིལ་མ་འདོར་བ། སྦྲིད་པ་དང་སྦྲེག་པ་འབྱིན་པ། བློ་གྲོས་དང་མིག་ལ་སོགས་པའི་དབང་བོ་གསལ་ཞིང་སེམས་མི་གཏོང་བར་རང་དང་ལྷན་ཅིག་ཏུ་འཛིན་པར་བྱེད་པ་ཡིན། གོང་གི་སྲོག་འཛིན་ཞེས་བྱ་བའི་རླུང་དེར་ཕྱི་དང་ནང་གི་རྒྱུ་རྐྱེན་གང་མང་ཞིག་གིས་སྲོག་འཛིན་རླུང་གི་ལས་བྱེད་ལམ་གསུམ་ལོག་པར་གྱུར་ནས་རང་གི་ལྡང་ཚད་ལས་སྙོམས་པོར་གནས་མ་ཐུབ་པར་བསྟེན། རླུང་ལྡན་འདར་གཡལ་ཁ་སྐོམ་ཤེས་པ་འཁྲུལ།། ཞེས་གསུངས་པ་ལྟར། སེམས་ཁམས་མི་བདེ་བར་འཚུབ་པ་དང་ཤེས་པ་འཁྲུལ་བ། གཉིད་ཡེར་བ། བརྗེད་ངེས་ཆེ་བ། ཆུ་རྒྱུས་འཁུམས་པ་འམ་མཁྲེགས་པོ་ཆགས་པ། ལག་པ་འདར་བ། མགོ་གཡུགས་པ། སྨྲ་བ་མི་གསལ་བར་ཁ་ལྕེ་དིག་པ་བཅས་ཀྱི་ནད་རྟགས་མངོན།

藏医如何治疗帕金森疾病?

藏医特色外治疗法在帕金森病的治疗中,主要通过物理刺激、药物渗透和能量调节等方式改善症状,其原理基于藏医学的“三因平衡”(隆、赤巴、培根)和“气血经络”理论。

བོད་ལུགས་གསོ་རིག་གིས་ཕ་ཁིན་སོནཞེས་པའི་ནད་འདིར་གསོ་བཅོས་ཇི་ལྟར་བྱེད།

བོད་ལུགས་གསོ་རིག་གིས་ནད་འདིར་གསོ་བཅོས་བྱེད་པར་བསྡུ་སྦྱང་བརྟ་བའི་གསོ་ཚུལ་ལྟར་ཐོག་མར་ཁོང་སྨན་རིགས་བསྟེན་ནས་རྩ་ནད་བསྡུ་བ་དང་། དེ་ནས་ལྟོ་སྦྱོང་དང་རྩ་བཤལ་སོགས་ཀྱིས་སྦྱང་བ། ཐ་མར་མེ་བཙའ་སོགས་ཀྱིས་ནད་ཀྱི་རྗེས་གཅོད་པ་དང་ལུས་བརྟས་པར་བྱེད་དགོས།

一、藏医艾灸疗法

图片 01.jpg

1、温补隆气:艾灸的热力作用于特定穴位,直接补充“隆”能量,缓解因“头隆”失衡导致的震颤、步态不稳。

2、疏通经络:热能刺激经络,改善气血运行,减轻肌肉僵硬和关节拘挛。

3、调节代谢:艾灸可增强局部代谢,清除自由基,能间接保护神经元。

དང་པོ། མེ་བཙས་བཅོས་པ།

རྩ་དཀར་རླུང་ལྡན་ནད་ལ་བོད་ལུགས་གསོ་རིག་གི་མེ་བཙའི་གདབ་ཐབས་རྣམ་པ་བཞི་ལས་བསྲོ་བའི་གདབ་ཐབས་སྤྱད་ནས་རླུང་གསང་རྣམས་སུ་ཡང་ཡང་བསྲོས་ན་མེ་བཙའི་དྲོད་ཀྱིས་རླུང་རོ་བསལ་བ་དང་རླུང་ནད་ཁ་ཡན་གནོན་པ། རླུང་ཁྲག་གི་རྒྱུ་བ་ཇེ་སྙོམས་སུ་བཏང་ནས་འདར་བ་དང་འཁུམས་པ། དིག་པ་སོགས་ཀྱི་ནད་རྟགས་ལ་ཕན་སྐྱེད་འབྱུང་སྲིད།

二、藏医放血疗法

图片 001.jpg

1、泻热化瘀:针对赤巴过盛或血瘀,通过刺破特定静脉(如肘部、足背)放血,清除坏血,改善气血瘀滞导致的震颤和僵硬。

2、平衡三因:通过少量放血调节体内能量分布,恢复赤巴的平衡。

གཉིས་པ། གཏར་གས་བཅོས་པ།

རྩ་དཀར་ནད་ཚ་བ་ཤས་ཆེ་བའི་རིགས་ལ་དཔྱད་མཆོག་གཏར་གས་ནད་རོ་ཕྱིར་དབྱུང་བ་དང་ཁྲག་མཁྲིས་ཚ་བའི་རྐྱེན་ལས་གྱུར་པའི་ཁྲག་རྩ་འཁར་འགག་དང་རླུང་ཁྲག་གི་རྒྱུ་བ་མི་སྙོམས་པར་ནད་གཞིའི་གནས་དང་སྦྱར་ནས་རླངས་ཐོན་ཙམ་གཏར།

三、藏医优杰疗法

图片 0001.jpg

1、松解筋结:通过手法推拿(如揉捏、按压)缓解肌肉紧张和筋脉挛缩,改善运动功能。

2、刺激穴位:重点按压头部隆穴(如百会、四神聪)、颈部椎穴和四肢关节,调节神经传导,减轻震颤。

3、能量引导:沿经络走向推拿,引导能量回归正常运行路径。

གསུམ་པ། རྡོ་རྗེ་དབྱུག་པས་བཅོས་པ།

རྩ་དང་ཆུ་རྒྱུས་འཁུམས་པའམ་མཁྲེགས་པོ་ཆགས་པའི་གནས་སུ་རྡོ་རྗེ་དབྱུག་པས་བརྡུང་བའམ་བསྣུན་པའི་ལག་ཐབས་ལ་བསྟེན་ནས་རྩ་དང་ཆུ་རྒྱུས་རྣམས་མཉེན་པར་བྱེད་པ་དང་རླུང་གི་རྒྱུ་ལམ་བསལ་བས་ལག་པ་འདར་བ་དང་མགོ་གཡུགས་པ་སོགས་ཀྱི་ནས་རྟགས་ལ་ཕན་སྐྱེད་འབྱུང་སྲིད།

四、藏医烙熨疗法

图片 00001.jpg

1、温经散寒:用加热的金属工具(如铜烙)轻熨体表穴位或疼痛部位,驱散寒邪,改善隆寒导致的肢体僵硬。

2、激活气血:热熨刺激局部血液循环,增强肌肉和神经的供氧能力。

བཞི་བ། ཏེལ་བས་བཅོས་པ།

རྩ་དཀར་རླུང་ལྡན་ནད་ཀྱི་གསང་དམིགས་ཀྱི་སྟེང་དུ་ཏེལ་བས་བསྲོ་བའམ་པགས་པ་བསྲེག་ཙམ་གྱིས་རླུང་ཁྲག་གི་རྒྱུ་བ་འགག་པ་ལས་བྱུང་བའི་རྐང་ལག་བཤལ་རེངས་ཀྱི་ནད་རྟགས་ལ་ཕན་པ་དང་། ཏེལ་བའི་དྲོད་ཀྱིས་རླུང་དང་ཁྲག་གི་རྒྱུ་བ་བཏང་སྙོམས་སུ་གནས་པར་བྱེད།




རྩོམ་ཞུས།    ཤིན་ཞའོ་ཀོང་།

审 核: 辛晓光

རྩོམ་ཁུངས། ཀླད་ནད་ཚན་ཁག  ཁམས་གསོ་ཚན་ཁག

供 稿:脑病科/ 康复科

རྩོམ་སྒྲིག     དྲིལ་སྒྲོག་འཐབ་གཅིག་ཚན་ཁག 

编 辑: 宣传统战科

图片


分享到:
上一篇:【健康科普宣传】春天就是养肝“黄金期”!手把手教你

下一篇:【健康科普宣传】减重总失败?科学减重一起来,快来看看如何破局!

健康
热线

0971-8200897
7*24小时健康热线

0971-8201012
举报电话

hszyyjw@163.com
举报邮箱

关注
微信

关注公众号
顶部