中文版 | 藏文版
མིག་སྔ་འི་སྡོད་གནས། - > མདུན་ངོས། > དུས་ཐོག་གསར་འགྱུར། > སྨན་ཁང་གསར་འགྱུར།

མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཀྲང་ལིས་ཞིང་ཆེན་བོད་སྨན་ཁང་དུ་རྟོག་ཞིབ་ལ་ཕེབས།


ཟླ་ཚེས:2019-10-25 09:35:59  བརྡབས་གྲངས།:  གཏོགས་ཡུལ:སྨན་ཁང་གསར་འགྱུར།

    སྤྱི་ཟླ༡༠པའི་ཚེས༡༧ཉིན་གྱི་ཕྱི་དྲོར།མཚོ་སྔོན་ཞིང་ཆེན་གྱི་ཧྲེན་ཀྲང་གཞོན་པ་ཀྲང་ལི་ཡིས་བོད་ལུགས་གསོ་རིག་དང་བོད་སྨན་ཁྱབ་ཁོངས་ཀྱི་ཚན་རྩལ་གསར་གཏོད་ལས་དོན་ལ་དམིགས་ནས་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་དུ་བརྟག་ཞིབ་གནང་བར་ཕེབས། མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིང་གི་ཐིང་ཀྲང་གཞོན་པ་མོ་ཞེ་རོང་དང་། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་སྐོར་གཟིགས་གཞོན་པ་ཉིག་ཅན་ཕིན། ཞིང་ཆེན་ཀྲུང་བོད་གསོ་རིག་དོ་དམ་ཅུའུ་ཅུའུ་ཀྲང་དོན་གྲུབ་བཅས་ཀྱིས་བརྟག་ཞིབ་ལ་ཕེབས་རོགས་མཛད།


མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཀྲང་ལིས་ཞིང་ཆེན་བོད་སྨན་ཁང་དུ་རྟོག་ཞིབ་ལ་ཕེབས། (图1)

    ཧྲེན་ཀྲང་གཞོན་པ་ཀྲང་ལི་འཁོར་དང་བཅས་པ་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་ཡོན་ཀྲང་ཀླུ་བྱམས་རྒྱལ་གཙོ་བྱས་པའི་འགོ་ཁྲིད་ཚན་ཆུང་གི་སྣེ་ཁྲིད་འོད། སྔ་གཞུག་དུ་དཔྱད་བཅོས་ཚན་ཁག་དང་། ནད་མེད་ཚེ་བསྲིང་ཚན་ཁག སྨན་ལུམས་ཚན་ཁག སྐབས་བཅོས་སྨན་ལེན་སར་གཟིགས་ཞིབ་གནང་ནས། སྨན་ཁང་གི་སྤྱིའི་གནས་ཚུལ་དང་།བོད་ལུགས་གསོ་རིག་གི་ཁྱད་མཚར་གསོ་བཅོས་ལག་རྩལ། བོད་ལུགས་གསོ་རིག་གི་ནད་མེད་ཚེ་བསྲིང་།སྨན་རྫས་ནད་ཐོག་ཚོད་ལྟའི་སྒྲིག་གཞིའི་ཐོབ་ཐང་ངོས་འཛིན་དང་མཚོ་སྔོན་ཞིང་ཆེན་གྱི་གྲུམ་བུའི་ནད་ཀྱི་ནད་ཐོག་ཞིབ་འཇུག་ལྟེ་གནས་སོགས་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་འབྲེལ་ཞིང་ཆེན་བོད་སྨན་ཁང་གི་ལས་བཟོ་བ་ཡོངས་ལ་ཟོལ་མེད་ཀྱི་འཚམས་འདྲི་ཡང་གནང་བ་རེད། 

མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཀྲང་ལིས་ཞིང་ཆེན་བོད་སྨན་ཁང་དུ་རྟོག་ཞིབ་ལ་ཕེབས། (图2)

དེ་རྗེས་ཧྲེང་ཀྲང་གཞོན་པ་ཀྲང་ལི་འཁོར་དང་བཅས་པ་དང་སྨན་ཁང་གི་འགོ་ཁྲིད་ཚན་ཚུང་། འབྲེལ་ཡོད་འབྲིང་རིམ་གསོ་རིག་ལས་དོན་མི་སྣ་ཁག་གཅིག་དང་བཞུགས་མོལ་གནང་བ་དང་། བོད་ལུགས་གསོ་རིག་ཆེད་མཁས་ཨོ་ཚོགས་ཆེན་ཆེད་ཞུས་ལྟར་ཐེངས་འདིའི་བཞུགས་མོལ་ཚོགས་འདུ་ལ་ཞུགས།

མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཀྲང་ལིས་ཞིང་ཆེན་བོད་སྨན་ཁང་དུ་རྟོག་ཞིབ་ལ་ཕེབས། (图3)


གོང་ངོས།:༢༠༡༩ལོའི་མཚོ་སྔོན་ཞིང་ཆེན་བོད་གསོ་ཚད་ལྡན་དཀའ་བཅུ་སྨན་པའི་དགེ་རྒན་གྱི་གསོ་སྦྱོང་འཛིན་གྲྭ་བསྡུས།

འོག་ངོས།:གསལ་འདེབས།

健康
热线

0971-8200897
7*24小时健康热线

关注
微信

关注公众号
顶部