中文版 | 藏文版
མིག་སྔ་འི་སྡོད་གནས། - > མདུན་ངོས། > དུས་ཐོག་གསར་འགྱུར། > སྨན་ཁང་གསར་འགྱུར།

གློ་གཅོང་སྔོན་འགོག


ཟླ་ཚེས:2022-03-28 15:43:55  བརྡབས་གྲངས།:  གཏོགས་ཡུལ:སྨན་ཁང་གསར་འགྱུར།


༡ ངོ་བོ་དང་རྒྱུ་རྐྱེན།

གློ་གཅོང་ནི་རྟགས་ལ་བལྟོས་ནས་ནད་མིང་བཏགས་པའི་འགོས་ཁྱབས་རང་བཞིན་གྱི་གློ་བའི་རིམས་ནད་ཅིག་སྟེ། དེ་ལ་འདུས་འདྲིལ་རང་བཞིན་གྱི་གློ་བའི་གཉན་རིམས་ཀྱང་ཟེར། གཉན་རིམས་སྐྱེད་པའི་རྒྱུ་དེ་ལ་དུས་བཞིའི་འབྱུང་བ་དམན་ལྷག་ལོག་པ་དང་། ཚྭ་རིགས་བསྟེན་དྲགས་པ། དུ་བ་འཐེན་པ་དང་དུ་བ་ཆེ་བའི་གནས་སུ་ཡུན་རིང་བསྡད་པ། ཆམ་རིམས་ཡུན་རིང་འགོར་བ། མི་གཙང་བའི་ཟས་སྤྱོད་བསྟེན་པ། ཟུངས་ངན་མེ་དྲོད་ཞན་པ། དྲག་ཤུལ་གྱི་ལས་ཆེ་བ། དྲི་དུགས། ཁྲོ་འཇིགས། མྱ་ངན་ཆེ་བ། འདོད་ཆགས། ཁ་ཟས་མ་སྙོམས་པ་སོགས་ལས་བསྐྱེད་པ་ཡིན།

གློ་གཅོང་སྔོན་འགོག(图1)

༣ ནད་ངོས་འཛིན།

གོང་གི་རྒྱུ་རྐྱེན་དང་ནད་རྟགས་བཅས་ལ་གཞིག་ཏེ། དེང་རབས་ཀྱི་འབྲེལ་ཡོད་བརྟག་ཆས་Xའགྱེད་འཕྲོ་དང་CTབརྟག་དཔྱད། ཁྲག་དང་ལུད་པ། ཆུ་ཚོད་༧༢རིང་གི་རིམས་ནད་ཚོར་ཐལ་བརྟག་དཔྱད་སོགས་ལ་བསྟེན་ནས་ནད་ངོས་གསལ་བོར་འཛིན་པ། ལྷག་པར་དུ་ནད་རྟགས་མངོན་གསལ་མིན་པའི་ནད་པར་གོང་གི་བརྟག་དཔྱད་ཆ་ཚང་བྱ་རྒྱུ་གལ། གཞན་གོང་གི་ནད་རྟགས་གང་བྱུང་ཚེ་སྔ་མོ་ནས་སྨན་ཁང་དུ་སོང་དེ་ནད་ངོས་གསལ་བོར་འཛིན་རྒྱུ་དང་སྔ་མོ་ནས་གསོ་བཅོས་བྱས་ན་དྲག་སྐྱེད་ཆེན་པོ་འབྱུང་ཐུབ་ལ།དུས་སུ་མ་བཅོས་བར་ཡུན་རིང་འགོར་ན་རྣག་རུ་འགྱུར་བའམ་བུང་ཚང་ཅན་དུ་གྱུར་ཏེ་ཁྲག་སྐྱུགས་པ། གློ་བ་ཆ་ནས་རུབ་པ། གཞན་རུས་པ་དང་མཁལ་མ། ལྒང་པ། ཀླད་པ་སོགས་སུ་ཤོར་དེ་གསོ་དཀའ་བའི་གནས་སུ་འགྱུར།

༤ སྔོན་འགོག་དང་མཉམ་འཇོག་བྱ་ཐབས།

རང་རྒྱལ་དུ་གློ་གཅོང་གི་ནད་པ་ཤིན་ཏུ་མང་ལ།འགོས་ཁྱབས་ཆེ་བའི་གློ་གཅོང་གི་ནད་པ་ཁྲི་༤༥༠ཙམ་ཡོད་པས། གློ་གཅོང་སྔོན་འགོག་དང་ཚད་ལྡན་གསོ་བཅོས། གློ་གཅོང་ནད་ཀྱི་འཕྲོད་བསྟེན་ཤེས་བྱ་ཁྱབ་སྒྲོག་སོགས་བྱེད་པ་བཅས་ནི་ཤིན་ཏུ་གལ་ཆེ། གློ་གཅོང་ནི་གཙོ་བོ་དབུགས་ལམ་བརྒྱུད་དེ་འགོས་ཁྱབས་བྱུང་བའི་ནད་ཅིག་ཡིན་པས། རྒྱུན་ལྡན་འཚོ་བའི་ཁྲོད་ཟས་སྤྱོད་ཀྱི་གཙང་སྦྲ་ལ་དོ་སྣང་བྱེད་དགོས་པ་དང་། རྒྱུན་པར་སྦྱོང་བརྡར་དང་འཚོ་བཅུད་སོགས་ཀྱིས་རང་ཉིད་ཀྱི་མེ་དྲོད་གསོས་ཏེ་ནད་འགོག་གི་ནུས་པ་སྐྱེད་དགོས་པ། གཞན་ཁ་བཏུམ་རྒྱག་པ། ནད་པའི་ཁ་ལུད་གང་སར་མི་འཕེན་པ་སོགས་ལ་མཉམ་འཇོག་བྱ་དགོས།

སྒེའུ་ཁུང་སོགས་ཕྱེ་སྟེ་མཁའ་དབུགས་གཙང་སེལ་བྱེད་པ་དང་བཟའ་ཆས་སོགས་མཉམ་སྤྱོད་མི་བྱེད་པ། གོང་གསལ་གྱི་ནད་རྟགས་མངོན་ཚེ་དུས་ལྟར་བརྟག་དཔྱད་གསོ་བཅོས་བྱ་རྒྱུ་དང་།ཚད་ལྡན་སྨན་ཁང་དུ་སོང་དེ་ཚད་ལྡན་གསོ་བཅོས་བསྟེན་པ།གསོ་བཅོས་གོ་རིམ་ཁྲོད་སྨན་འཐུང་མཚམས་མ་ཆད་པར་བསྟེན་དགོས་པ་ལས་འཐུང་མཚམས་བཞག་པ་དང་ཡང་བསྐྱར་འཐུང་བ་སོགས་ལས་སྨན་ཟུག་པར་གནོད་པ་ཡོད།

གོང་ངོས།:བརྡ།

འོག་ངོས།:མཚོ་སྔོན་གྱིས་སྔ་རྗེས་སུ་ཀྲུང་བོད་གསོ་རིག་ཁང439བཙུགས།

健康
热线

0971-8200897
7*24小时健康热线

关注
微信

关注公众号
顶部