中文版 | 藏文版
མིག་སྔ་འི་སྡོད་གནས། - > མདུན་ངོས། > དུས་ཐོག་གསར་འགྱུར། > སྨན་ཁང་གསར་འགྱུར།

མཚོ་སྔོན་གྱིས་སྔ་རྗེས་སུ་ཀྲུང་བོད་གསོ་རིག་ཁང439བཙུགས།


ཟླ་ཚེས:2022-03-28 15:47:49  བརྡབས་གྲངས།:  གཏོགས་ཡུལ:སྨན་ཁང་གསར་འགྱུར།

མཚོ་སྔོན་གྱིས་སྔ་རྗེས་སུ་ཀྲུང་བོད་གསོ་རིག་ཁང439བཙུགས་པ་དང་། ཀྲུང་ལུགས་གསོ་རིག་བཀོད་འདོམས་སྨན་ཁང་གི་འཛུགས་སྐྲུན་བྱ་བར་བརྩོན་ལེན་བྱས།

ཀྲུང་གོའི་གསར་འགྱུར་དྲ་བས་ཟླ2ཚེས17ཉིན་ཟི་ལིང་ནས་སྤེལ་བའི་འཕྲིན། གསར་འགོད་པས་ཉིན་དེར་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་ཤེས་གསལ་ལྟར་ན། མཚོ་ནུབ་དམངས་ཁྲོད་ཚྭ་སྨན་གསོ་བཅོས་ཀྱི་ལག་རྩལ་དང་། ཡུ་བ་ཅན་གྱི་གསོ་ཐབས་གཉིས་རྒྱལ་ཁབ་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་ཐོར་ཚུད་ཅིང་། སྔ་རྗེས་སུ་ཀྲུང་ལུགས་དང་བོད་ལུགས་གསོ་རིག་ཁང439བཙུགས་པ་དང་། ཀྲུང་ལུགས་ཀྱི་བཀོད་འདོམས་སྨན་ཁང་གཟུག་པའི་ལས་གཞིར་བརྩོན་ལེན་བྱེད་སྒང་ན་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་ལ། 2021ལོར་མཚོ་སྔོན་ཞིང་ཆེན་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་བྱ་གཞག་ཡར་ངོས་ཟླ་ལྟར་འཕེལ་ཞིང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ལ་བཏགས་པའི་ཕན་ནུས་ཡང་མངོན་གསལ་དོད་པོ་རེད།

གསར་འགོད་པས་ཤེས་གསལ་ལྟར་ན། 2021ལོར་མཚོ་སྔོན་ཞིང་ཆེན་གྱི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་ཡར་ངོས་ཟླ་ལྟར་འཕེལ་ཞིང་། ཀྲུང་བོད་གསོ་རིག་གི་གསོ་བཅོས་བྱེད་ཐབས་གཉིས(ཚྭ་སྨན་ལག་རྩལ་དང་། ཡུ་བ་ཅན་གྱི་གསོ་ཐབས་གཉིས)རྒྱལ་ཁབ་ཀྱི་མངོན་མིན་ཤུལ་བཞག་རིག་གནས་ཀྱི་མིང་ཐོ་སྐོར་ལྔ་པར་ཚུད་པ་དང་། བོད་སྨན་གྱི་གནའ་དཔེ286འཚོལ་སྡུད་ལེགས་སྒྲིག་བྱས། བོད་སྨན་གྱི“བཙོ་ཐལ”དང་དེའི་མ་བཅོས་རྒྱུ་ཆ་སྦྱོར་བཟོ་ཚད་ལྡན(བོད་རྒྱའི་པར་གཞི)ཡིག་ཆ་ཁག40བཟོས། མཁར་ལོ་དང་ཏེང་ཨེར་ལུའུ་གཉིས་སྐབས་གཉིས་པའི་རྒྱལ་ཡོངས་ཀྱི་ཀྲུང་ལུགས་སྨན་པ་གྲགས་ཅན་གྲས་སུ་བདམས།

དེ་བཞིན་དུ་མཚོ་སྔོན་ཞིང་ཆེན་གྱི་ཀྲུང་ལུགས་ཀྱི་བཅོས་ཐབས་སྣ་གཅིག་ལ་མཁས་པའི་སྨན་པ20ལ《ཀྲུང་ལུགས་གསོ་རིག(བཅོས་ཐབས་སྣ་གཅིག་ལ་མཁས་པའི)སྨན་པ་དཀའ་བཅུ་བའི་ཐོབ་ཐང་དཔང་ཡིག》ཐོབ་པ་དང་། ཞིང་ཆེན་ཡོངས་ཀྱི་ཀྲུང་ལུགས་གསོ་རིག་གི་གློ་ནད་ཚན་ཁག་དང་། མོ་ནད་ཚན་ཁག གཞང་འབྲུམ་ཚན་ཁག བོད་སྨན་གྱི་སྨན་ལུམས་ཚན་ཁག་བཅས་ཀྱི་ཆེད་ཚན་མནའ་འབྲེལ་བཙུགས་ཏེ། ཞིང་ཆེན་དང་གྲོང་ཁྱེར(ཁུལ)རིམ་པའི་ཀྲུང་བོད་སྨན་ཁང་གི་སྤུས་འཛིན་མ་ལག་ཡོངས་ལ་ཁེབས་པ་མངོན་འགྱུར་བྱས།

ད་སྔ། མཚོ་སྔོན་ཞིང་ཆེན་གྱིས་བསྡོམས་པས་ཀྲུང་བོད་གསོ་རིག་ཁང439བཙུགས་ཤིང་། ཧ་ལམ་ཡུལ་ཚོ་དང་གྲོང་རྡལ། གཞིས་ཁུལ་བཅས་སུ་ཁེབས་ཡོད་ལ། དེ་འཚམ་གྱི་བཅོས་ཐབས་རྣམ་གྲངས་ཀྱང་མགྱོགས་པོར་ཁྱབ་གདལ་བཏང་། ཞིང་ཆེན་ཡོངས་ཀྱི་ཀྲུང་བོད་གསོ་རིག་སྨན་ཁང་ཧ་ལམ 60%ཡིས་ཉིན་གུང་དང་དགོང་དྲོའི་བཅོས་ཐབས་ཞབས་ཞུ་བཏོན་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ལ་ཕན་ནུས་མངོན་གསལ་ཐོན།

3-22032Q549421b.jpg

མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཏང་ཙུའུ་ཧྲུའུ་ཅི་དང་ཀྲུའུ་རེན་སུའུ་ཆུན་རེན་གྱིས་འདི་སྐད། “ཀྲུང་བོད་གསོ་རིག་ནི་མཚོ་བོད་མཐོ་སྒང་གི་འཛིན་མའི་གཞི་རུ་ལྟེ་ཕྲག་འཕོས་ཤིང་འདབ་ལག་རྒྱས་པའི་མི་རིགས་ཀྱི་མཆོག་ནོར་ཏེ། ས་མཐོའི་མི་རྣམས་ཀྱི་གཟུགས་གཞི་བདེ་ཐང་ཐད་ནུས་པ་གལ་ཆེན་བཏོན་མྱོང་བ་མ་ཟད། མུ་མཐུད་ནས་ངེས་དོན་དུ་ཕན་པའི་ལག་རྗེས་འཛད་མེད་འཇོག་ངེས་ཡིན་ཟེར། ”

ཉེ་ལམ་བཏོན་པའི《མཚོ་སྔོན་ཞིང་ཆེན“ལོ་ལྔ་ཚན་བཅུ་བཞི་བའི”འཕྲོད་བསྟེན་བདེ་ཐང་གི་བྱ་གཞག་གོང་སྤེལ་འཆར་འགོད》ཀྱིས་ཕྱོགས9ཡི་་ལས་འགན་གཙོ་བོ་བཀོད་སྒྲིག་བརྒྱབ་ཅིང་། དེའི་ནང་ཀྲུང་བོད་གསོ་རིག་གི་བྱ་གཞག་གོང་སྤེལ་ཆེན་པོ་བཏང་སྟེ། ཀྲུང་བོད་གསོ་རིག་གི་སྨན་བཅོས་ཞབས་ཞུའི་དྲ་རྒྱ་འཐུས་ཚང་དང་། སྨན་བཅོས་ཞབས་ཞུ་ནུས་པ་མཐོར་འདེགས། ཁམས་གསོ་བདེ་སྲུང་གི་ཞབས་ཞུ་གོང་སྤེལ་དང་འཛིན་སྐྱོང་སྤེལ་གསུམ་ལ་སྐུལ་འདེད་བཅས་བྱེད་པའི་ཐད་ལས་གཞི་གལ་ཆེན་བཅུ་ལག་བསྟར་དགོས་པའི་བླང་བྱ་བཏོན་འདུག་ལ། དེར་ཀྲུང་བོད་སྨན་རྫས་ཞབས་ཞུ་མ་ལག་འཛུགས་སྐྱོང་ཡང་ཚུད།

ད་སྔ《མཚོ་སྔོན་ཞིང་ཆེན་ཀྲུང་སྨན་སྲོལ་ཡིག》ལ་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་དཔྱད་ཞིབ་དང་པོ་བརྒྱུད་ཟིན། སུའུ་ཆུན་རེན་གྱིས་འདི་སྐད། 2022ལོར《མཚོ་སྔོན་ཞིང་ཆེན་ཀྲུང་སྨན་སྲོལ་ཡིག》གི་ཁྲིམས་འཛུགས་དང་ལག་བསྟར་བྱ་བ་ལེགས་པོར་བསྒྲུབ་ནས་ཀྲུང་བོད་སྨན་རྫས་ཀྱི་བདེ་སྲུང་དང་། ཁམས་གསོ་ལ་ཕན་པའི་བཅོས་ཐབས་ཁྱད་པར་ཅན་ནད་ཐོག་སྨན་བཅོས་ཁྲོད་ལག་ལེན་བྱ་བར་སྐུལ་འདེད་གཏང་རྒྱུ་ཞེས་བསྟན།

སུའུ་ཆུན་རེན་གྱིས་འདི་སྐད། ཞིང་ཆེན་རིམ་པའི་ཀྲུང་བོད་གསོ་རིག་གྲུབ་མཐའི་ལས་སྒྲུབ་ཁང་དང་། ཀྲུང་བོད་སྨན་གྱི་ཆེད་ཚན་གལ་ཆེན་འཛུགས་སྐྲུན་བྱས་ཏེ། རྨ་ལྷོ་ཁུལ་དང་མགོ་ལོག་ཁུལ་གྱི་བོད་སྨན་ཁང་གི་ཀྲུང་ལུགས་ཀྱི་ཁྱད་ཆོས་ལྡན་པའི་ཆེད་ཚན་གལ་ཆེན་གྱི་སྨན་ཁང་མགྱོགས་པོར་གཟུག་རྒྱུ། ཀྲུང་སྨན་བཀོད་འདོམས་སྨན་ཁང་འཛུགས་པར་བརྩོན་ལེན་བྱས་ཏེ། ཀྲུང་བོད་ནུབ་བཅས་ལུགས་གསུམ་གྱི་གསོ་རིག་ཟུང་འབྲེལ་ལ་སྐུལ་འདེད་དང་། ཕྱོགས་བསྡུས་སྨན་ཁང་དང་བུད་མེད་དང་ཕྲུ་གུའི་བདེ་སྲུང་གི་སྨན་ཁང་ནང་ཀྲུང་བོད་སྨན་ཚན་ཁག་འཛུགས་པར་ཤུགས་བསྣན། མ་བུ་བདེ་སྲུང་གི་ཁྱབ་ཁོངས་སུ་ཀྲུང་བོད་སྨན་གྱི་ལས་དོན་ལ་སྐུལ་འདེད་བཅས་བྱ་རྒྱུ། ཀྲུང་བོད་སྨན་གྱི་ཚན་ཞིབ་གསར་གཏོད་ལ་ཞིབ་འཇུག་ཟབ་མོ་བྱས་ཏེ། ཞིབ་འཇུག་གི་གྲུབ་འབྲས་ཁྱབ་གདལ་བཏང་ཚུལ་ལ་ཕྱོགས་བསྡོམས་དང་གང་མགྱོགས་ཅི་མགྱོགས་ཀྱི་སྒོ་ནས་བོད་སྨན་གྱི་ཚད་གཞི་བཟོ་རྒྱུ་ཞེས་བཤད་བྱུང་།

ཡོངས་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།


གོང་ངོས།:གློ་གཅོང་སྔོན་འགོག

འོག་ངོས།:མཚོ་སྔོན་ཞིང་ཆེན་བོད་ལུགས་སྨན་ཁང་གི་སྨན་ངོ་ངོས་འཛིན།

健康
热线

0971-8200897
7*24小时健康热线

关注
微信

关注公众号
顶部